e-texts navigator
Collection
Volume
Page
Wylie

180b1 གྱི་ནང་ནས་རྡོ་རྗེ་ཐམས་དཔའ་རང་བཞེངས་ནས། འདི་སྐད་ཅེས་གསོལ་ཏོ།། རྩཝ་རྩེ་རིག་པའི་རྩལ་ཤྭར་བཅོམ་ལྡན་འདས།། གབ་པའི་དབྱིངས་ནས་མངོན་བྱུང་སྟེ།། ཕྲིན་ལས་མདད་པ་ཅིར་ཡང་སྨོན།། ཐུགས་རྗེའི་ཆོ་འཕྲུལ་རིས་དང་བྲལ།། ཐིག་པ
180b2 ཟག་མེད་ཀུན་ཏུ་བཟང་།། ཟང་ཐལ་ཆེན་པོའི་དབྱིངས་ཉིད་ལས།། རང་བྱུང་གྱོགས་མེད་རང་གྲོལ་གྱིས།། གའུ་རིག་པའི་མཐོངས་གསལ་ནས།། གསུང་དུ་མོད་པའི་ཚིག་བརྗོད་ནས།། རྟོགས་པའི་འཁོར་ལ་བསྟན་དུ་གསོལ།། ཨེ་མ་ཧོ།། གསུང་དུ།
180b3 གསོལ་ཞེས་ནུས་སོ།། དེ་ནམ་རིག་པའི་རྒྱལ་བ་ཆེན་པོ་དེས། རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་པ། རིག་པ་ལྷུན་གྲུབ་ཟག་མེད་བདེ།། མཁའ་ལ་ཉི་མ་ཤར་བ་བཞིན།། འཁོར་འདས་ཀུན་ལ་ཁྱད་པར་གསལ།། ཁྱད་གསལ
180b4 གཉིག་མེང་ཅིག་ལེ་ཆེ།། ལྷན་གྲུབ་ཆེན་པོའི་ངོ་བོར་ཤར།། འབད་པ་མེད་པར་ཡེ་སངས་རྒྱས།། འགྱུར་མེད་ཐ་སྙད་རྒྱུ་འབྲས་མེད།། རྣམ་ཀུན་བྱང་སེམས་བདེ་བར་གཤེགས།། ཤེས་དང་མི་ཤེས་ཐ་སྙད་ཀྱང་།། ལྷན་གྲུབ་ཉིད་ལས་གཞན་མ
180b5 གྲུབ།། འཁོར་བའི་རྐྱེན་འགྱུར་རྣམ་སྨིན་ལས།། འགྲོ་དྲུག་ཉིད་དུ་སྣང་བ་ལས།། ངོ་བོ་མ་ཡིན་རྐྱེན་ལྟར་ཤར།། ཀུན་བརྟགས་རྣམ་རྟོག་མཚན་ཉིད་ཀྱང་།། གང་ལྟར་བརྟགས་པ་དེ་ལྟར་སྣང་།། ཇི་ལྟར་རྟོག་པའི་རྣམ་གྲངས་ཀུན།། གཅིག་ལས
180b6 ཡུལ་དུས་ཀུན་ཏུ་རྒྱུ།། དཔེར་ན་ཉི་མའི་ཟེར་བཞིན་དུ།། ཐིག་ལེ་གཅིག་ལས་དུ་མ་མེད།། ལྷུན་གྲུབ་ཟང་ཐལ་རང་བཞིན་ནི།། མཐའ་དང་བྲལ་བའི་རྟོགས་མཐའ་མེད།། རང་གསལ་དགོངས་པར་གནས་པར་བྱའོ།། ལྷུན་གྲུབ་རང་བྱུང་འགག
180b7 མེད་ཀྱིས།། འཁོར་འདས་ཆོ་འཕྲུལ་ཉིད་དུ་བསྟན།། ལྷུན་གྲུབ་ཕྱོགས་མེད་འབྲས་བུ་ནི།། རང་ཀྲུར་ཡེ་ཤེས་ཉིད་ལ་རྫོགས།། རིག་པ་སྤྱི་ཕྲུག་ཆེན་པོར་ཤར།། རྩོལ་མེད་རྩལ་སྔགས་ཀླུང་ཆེན་ལས།། བགྲོད་མེད་ས་ཡི་ཡོན་ཏན་ཤར།། རང




iiif viewer powered by OpenSeadragon

180a - 181a

Texts on this page

Gdg005.13 - byang chub kyi sems kun tu bzang po rig pa rang gi rtsal shar ba'i rgyud