| | e-texts navigator
|
17b1 ཡིད་དང་འགྲུ་བ་འདྲ་དང་གསུམ།། རང་ཐུང་རང་ལ་ཤར་པས་སྐུ་གསུམ་ལམ་དུ་བསྐང་།། འབྱུང་ལྔ་རང་འུང་འོད་ལས་གྲོལ་བ་ན།། ལྷ་ལྡན་ཡེ་ཤེས་མིག་གཅིག་དྲི་མ་མེད།། ཐུགས་རྗེ་བྱིན་རླབས་མཁའ་ལ་ཉི་ཤར
17b2 འ་།། བསྐལ་པ་བར་པའི་སངས་རྒྱས་འོད་སྲུངས་དང་།། ཐོག་མའི་སངས་རྒྱས་འོད་དཔག་མེད་པ་དང་།། ཐ་མའི་སངས་རྒྱས་མར་མེ་མཛད་དང་གསུམ།། བཀའ་བ་གྲོས་ཆུད་དུ་བྱིན་བརླབས་ནས།། སངས་རྒྱས
17b3 བཀའ་བགྲོས་རྒྱུད་ཅེས་བྱ།། གཞི་ཡི་ཆོས་ལྔ་ལྡན་གྲུབ་ཡིན།། དེ་མ་ཤེས་པས་འཁྲུལ་པ་ཡིན། ལམ་གྱི་འོད་ལྔ་རང་སྣང་ཡིན།། དེ་མ་ཤེས་པས་འཁོར་བ་ཡིན།། འབྲས་བུ་འཁོར་པ་རྣམ་བཞི་ཡིན།། དྲི་མ
17b4 ཤེས་པས་དངོས་པོ་ཡིན།། གཞི་ཤེས་པས་ནི་གྲོལ་བ་དེ།། ཐམས་ཅད་མཁྱེན་པ་ཐོབ་པ་ཡིན།། ལམ་ཤེས་པས་ནི་རང་བྱུང་བ།། འཁོར་བའི་གཡང་ས་ཆོད་པ་ཡིན།། འབྲས་བུ་འདས་པ་སྔར་གྲོལ་བས།། འཁོར
17b5 བའི་འབྲས་བུ་ཆོད་པ་ཡིན།། ཡེ་ཤེས་སྤྱན་གསུམ་གཅིག་ཏུ་དྲི་ལ།། སངས་རྒྱས་སྤྱན་ཞེས་རབ་ཏུ་བརྗོད།། སངས་རྒྱས་ཀུན་གྱི་དགོངས་པ་ནི།། གོས་དཀར་མོ་ཞེས་བརྗོད་པ་ཡིན།། དགོངས་པ་ཕྱོགས་མེད
17b6 ཁྱབ་པ་ཡིས།། ནམ་མཁའི་དབྱིངས་ཕྱུག་མོ་ཞེས་བརྗོད།། ཐུགས་རྗེའི་རླན་དང་མི་འབྲལ་བས།། མཱ་མ་ཀི་ཞེས་རབ་ཏུ་བརྗོད།། ཐུགས་རྗེ་ཀུན་ལ་སྙོམས་པར་འཆར།། དམ་ཚིག་སྒྲོལ་མ་ཞེས་བྱའོ།། ཐེག་པའི་རང
17b7 བཞིན་ཤེས་རབ་སྙིང་རྗེ་སྟེ།། ཕྱི་ཡི་ཁྱད་པར་ཐེག་པ་ཆེ་ཆུང་བསྟན།། འོག་མ་རྣམས་ནི་རང་དོན་སྤྱོད་པ་ཡིན།། སྔགས་ཀྱི་ཐེག་པ་གཉིས་ཀ་སྤྱོད་པ་ཡིན།། རྫོགས་པ་ཆེན་པོ་དབྱེ་བ་མེད་པ་ཡིན།། བཀའ
iiif viewer powered by OpenSeadragon
17a - 18a