| | e-texts navigator
|
179a1 པོས་བཀའ་སྩལ་པ།། ཆོས་དབྱིངལ་བདེ་ཆེན་ཀློང་ཡངས་སུ།། ཉོན་མོངས་འཁོར་བའི་རྒྱུན་ཐག་གཅད།། ཡིད་གཉིས་ཐེ་ཚོམ་ཟ་བ་ལ།། ཡིད་ཆེས་དད་པས་རྒྱུན་ཐག་གཅད།། སྣང་སྲིད་ཐམས་ཅད་སེམས
179a2 ཡིན་ཏེ།། སེམས་ཉིད་ཡིན་པར་ཆུན་ཐག་གཅད།། འཁོར་བ་ཐམས་ཅད་བག་ཆགས་ཏེ།། མྱ་ངན་འདས་པར་རྒྱུན་ཐག་གཅད།། སྡུག་བསྔལ་ཐམས་ཅད་སེམས་ཡིན་ཏེ།། བདེ་བ་ཆེན་པོར་ཆུན་ཐག་གནད།། གྱི་ནང་སྣོད་བཅུད
179a3 ཐམས་ཅད་ཀུན།། རང་གི་སེམས་ལས་བྱུང་བས་ན།། སེམས་ཉིད་ཡིན་པར་རྒྱུན་ཐག་གཅད།། ང་དང་བདག་ཏུ་ལྟེ་བ་ལ།། གཉིས་མེད་རོལ་གྲི་རྣོན་པོ་ཡིས།། བྱང་ཆུབ་སེམས་སུ་ཆུན་ཟག་གཅད།། དུག་གསུམ་དྲ་བར་བཅུག་པ་ལ།།
179a4 ཤེས་དབུ་ལུ་གྲྀ་ཏ་མ་ལས།། སྐུ་གསུང་ཐུགས་སུ་རྐུན་ཐག་གཅད།། ཐེ་ཚོམ་ཡིད་གཉིས་ཟབ་ལ།། ཤེས་རབ་ཏིང་འཛིན་བརྟན་པོ་ཡིས།། ཡིད་ཆེས་དད་པས་རྒྱུན་ཐག་གཅད།། ཆགས་ལྡང་ལྕགས་སུ་བཅུག་པ་ལ།། ཐབས་དང་ཤེས
179a5 རབ་ལྡེ་མིག་གིས།། ཆགས་སྡང་བཀྲོལ་ཏེ་རྒྱུན་ཐག་ག་ཅད།། སྣ་སྲིད་འདི་ལྟར་སྣང་བ་རྣམས།། སེམས་ཀྱི་ཆོ་འཕྲུལ་ཡིན་པས་ན།། དམིགས་པ་མེད་པར་རྒྱུན་ཟག་གཅད།། མཚན་མར་སྣང་བར་རྟོག་པ་རྣམས།། རྟོགས་པ་ལྡན་པའི་བལྟ།
179a6 བ་ཡིན།། སེམས་ཉིད་ཡིན་པར་རྟུན་ཐག་གི་ཅད།། ཞེན་ཆགས་འཁོར་བར་བཅི་ངེས་པ་ལ།། མཚན་ཉིད་སྤུ་གྲི་རྣོན་པོ་ཡིས།། གཉིས་སུ་མེད་པར་རྒྱུན་བཀག་ཅད།། ཉོན་མོངས་འདམ་དུ་ཆུད་པ་ལ།། རང་བྱུང་ཏིང་འཛིན་ཆེན་པོ་ཡིས།།
179a7 དངོས་པོ་མེད་པར་ཀུན་ཐག་གཅད།། འཁོར་བའི་སེམས་ཅན་ཐམས་ཅད་ཀུན།། མ་བཅོས་བཅོས་པ་མེད་པ་ཡི་མོ།། མྱ་ངན་འདས་པར་རྒྱུད་ཐག་གཅད།། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། གཅད་པ་བསྟནཔ
iiif viewer powered by OpenSeadragon
178b - 179b