e-texts navigator
Collection
Volume
Page
Wylie

178b1 བཟང་པོས་བཀའ་སྩལ་བ།། འཁོར་བའི་རོང་སྐམས་ལུང་བ་ལ།། བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ།། ང་དང་བདག་ཏུ་བལྟ་བ་ལ།། གཉིས་སུ་མེད་པའི་ཆུ་བོ་དབབ།། ཞེ་སྡང་མེ་ཆེན་འབར་བ་ལ།། བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ།། རྣམ་རྟོག་མེ
178b2 འབར་བ་ལ།། ཡེ་ཤེས་ཆེན་པོའི་ཆུ་བོ་དབཔ།། བུག་ལྔའི་འབྲས་བུ་སྨིན་པ་ལ།། ཡེ་ཤེས་ལྔ་ཡི་སེར་བ་དབབ།། གཟུང་འཛིན་རླུང་ཚུབ་འཚུངས་པ་ལ།། ཏིང་འཛིན་བརྟན་པོའི་ཐབས་ཀྱིས་མནན།། དྲུག་གསུམ་ལོ་མ་རྒྱས་པ་ལ།། སྐུ་གསུང
178b3 ཐུགས་ཀྱི་ཟོར་གྱིས་དབབ།། དེ་ཡང་ང་ཡི་དབབ་པའོ།། ཡུམ་དྷི་པདྨའི་བྷ་ག་རུ།། བྱང་ཆུབ་སེམས་ཀྱི་ཆུ་བོ་དང་བ།། མཁའ་དབྱིངས་བདེ་ཆེན་ཀློང་ཡངས་སུ།། ཤེས་རབ་ཏིང་འཛིན་ཆུ་བོ་དབབ།། ཆོས་ཀྱི་དབྱིངས་ཉིད་གདལ་བ་རུ།། རིག་པའི་ཡེ
178b4 ཤེས་ཆུ་བོ་དབབ།། འཁོར་བ་ངན་སོང་གནས་ཆེན་དུ།། ཆོས་དབྱིངས་པདེ་ཆེན་ཆུ་བོ་དབབ།། ཐུགས་རྗེའི་རྒྱུན་ཐག་བཅད་པ་ལ།། རང་བྱུང་ཡེ་ཤེས་ཆུ་བོ་དབབ།། གཟུང་དང་འཛིན་པར་ལྟ་བ་ལ།། གཉིས་མེད་བདེ་བའི་ཆུ་བོ་དབབ།། མ་རྟོགས
178b5 རྨོངས་པའི་གཏི་མུག་ལ།། ཤེས་རབ་ཏིད་འཛིན་ཆུ་བོ་དཔག།། རྟག་ཀློང་ཡངས་བདེ་ཆེན་དུ།། སྙིང་པོ་བྱེར་སེམས་མུ་བོ་དབབ།། མདོག་ཉོན་མོངས་འཕྲུལ་བ་ལ།། ཡེ་ཤེས་འགྱུར་མོད་ཉི་མ་དབབ།། ཡི་གཉིས་རྗེ་ཚིག་ཟ་བ་ལ།། སྙིང་པོ་འང
178b6 མེད་ཐོག་ཆེན་དབབ།། རྣམ་རྟོག་བདག་ཏུ་བལྟ་བ་ལ།། སྙིང་པོ་བྱང་ཆུབ་ཆུ་བོ་དབབ།། དེ་ལྟར་དབབ་པར་བསྟན་པ་ནི།། བྱང་ཆུབ་སེམས་ཀྱི་དབབ་ལུགས་ཏེ།། དབབ་ཏུ་མེད་པས་དབབ་པ་ཡིན།། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱང
178b7 ལས། དབབ་པ་བསྟན་པའི་སྐབས་ཏེ་བཅུ་དྲུག་པའོ།། ། རྡོ་རྗེ་སེམས་དཔས་ཡད་གསོལ་པ།། བཅོམ་ལྡན་པདེ་ཆེན་ཀུན་བཟང་པོ།། ཉིད་ཀྱིས་གཅད་པ་བཤང་དུ་གསོལ།། དེ་སྐད་གསོལ་པགས་ན་ནས་ཀྱང་།། ཀུན་ཏུ་བཟང




iiif viewer powered by OpenSeadragon

178a - 179a

Texts on this page

Gdg005.12 - kun tu bzang po nam mkha' che rtsa ba bsdus pa'i rgyud