| | e-texts navigator
|
176b1 སྩལ་པ།། ཐམས་ཅད་ཆོས་ཀྱི་ཆོས་ཉིད་ལ།། སེམས་ཀྱི་སེམས་ཉིད་གཉིས་མེད་སྦྱོར།། བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལ།། རང་བཞིན་རིག་པ་གཉིས་མེད་སྦྱོར།། འདི་ཡང་ང་ཡི་སྦྱོར་བ་ཡིན།། སྣང་སྲིད་ཐམས་ཅད་སེམས་ཡིན་པས།།
176b2 སེམས་ཉིད་ལེ་སྦྱོར་ཆེན་པོ་སྟེ།། འདི་ཡང་ང་མི་སྦྱོར་བ་ཡིན།། དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན།། སྐྱེ་བ་མེད་པར་གང་སྦྱོར་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། རང་བཞིན་མེད་པར་གང་སྦྱོར་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། མཉམ
176b3 པ་ཉིད་ལ་གང་སྦྱོར་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ངེས་པའི་དོན་ལ་གང་སྦྱོར་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། དམ་ཚིག་གཞུང་ལྟར་གང་སྤྱོད་པ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ཡོངས་ལ་ཕྲུག་ཡང་ངོག་པ་མེད།། འདི་ཡང་ང
176b4 སྦྱོར་བ་ཡིན།། བྱམས་སྤང་མེད་པར་གང་གྲོལ་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ཐོགས་ཆགས་མེད་པར་གང་སྦྱོར་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། བཟང་དྲན་མེད་པར་གང་སྦྱོར་བ།། འདི་ཡང་དེ་ཡི་སྦྱོར་བ་ཡིན།། སྤང་ལེན
176b5 མེ་པར་གང་སྦྱོར་བ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ཆགས་སྡང་མེད་པར་གང་ཤེས་པ།། འདི་ཡང་ང་ཡི་སྦྱོར་བ་ཡིན།། གཙང་སྡེ་མེད་པར་གང་སྤྱོད་པ།། འདི་ཡང་དཔེ་སྦྱོར་བ་ཡིན།། སངས་རྒྱས་སེམས་ཅན་གཉིས་མེད་པ།། འདི་ཡང
176b6 ཡི་སྦྱོར་བ་ཡིན།། འཁོར་བ་མྱ་དཱན་འངས་མེད་པ།། འདི་ཡང་དེ་ཡི་སྦྱོར་བ་ཡིན།། གྱི་ནང་སྡོད་བཅུད་གཉིས་མེད་ན།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ཡུལ་དང་དབང་པོ་གཉིས་མེད་ན།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ཐབས་དང་ཤེས་རབ་གཉིས
176b7 མེད་ན།། འདི་ཡང་ང་ཡི་སྦྱོར་བ་ཡིན།། དབྱིངས་དང་ཡེ་ཤེས་གཉིས་མེད་ན།། འདི་ཡང་ང་ཡི་སྦྱོར་བ་ཡིན།། ཤེས་རབ་ཏིང་འཛིན་གཉིས་མེད་ན།། འདི་ཡང་ང་ཡི་སྦྱོར་བ་ཡིན།། བདེ་བ་སྡུག་བསྔལ་གཉིས་མེད་ན།། འདི་ཡང་ངཡི་སྦྱོར་བ་ཡིན།།
iiif viewer powered by OpenSeadragon
176a - 177a