e-texts navigator
Collection
Volume
Page
Wylie

174b1 སྤྱོང།། འད་ཡང་ང་ཡི་བང་བསྒྱུང་བན།། མ་ངག་དན་ན་གག་པ་བཟུད།། འདི་ཡང་ངས་དབང་བསྐུར་ཕྱིན།། ཀུན་ཐལ་ཏག་གཅིག་སྟེམ་སྤངས།། འདི་ཡང་ངལ་དབང་བསྐུར་བན།། རྩཝཆགས་སྣང་ཡང་འགྱུར་བ་མེད།། འདི་ཡ་དང་ཡི་དབང
174b2 བསྲུང་ཡིན།། ཅི་ཡང་མེད་པས་ཅི་ཡང་རིག། འདི་ཡང་ང་ཡི་དབང་བསྐུར་ཡིན།། བརྟགས་ན་མ་མཐོང་ཅིར་ཡང་སྣང་།། འདི་ཡང་དེ་ཡི་དབང་བསྐུར་ཡིན།། བསྐལ་པར་འཁྱམས་ཀྱང་སྟོང་བྲལ་མེད།། འདི་ཡང་ང་ཡི་དབང་བསྐུར་ཡིན།། ཕྲ
174b3 རབ་རྡུལ་མེད་སྣང་སྲིད་ཁྱབ།། འདི་ཡང་ང་ཡི་དབང་བསྲུང་ཡིན།། དངོས་གཞི་མེད་ལ་ཅིར་བཏགས་འཆར།། འདི་ཡང་ང་ཡི་དབང་བསྲུང་ཡིན།། མཐའ་ལས་བྱུང་ཞིང་ཟད་པ་མེད།། འདི་ཡང་ང་ཡི་དབང་བསྟེར་ཡིན།། མ་བཟུང་མ་བརྟགས
174b4 གང་དགར་ཆགས།། འདི་ཡང་ང་ཡི་དབང་བསྐུར་ཡིན།། བ་མྱོད་པ་མེད་པས་ཐོགས་མེད་མྱུར།། འདི་ཡང་ང་ཡི་དབང་བསྐུར་ཡིན།། གང་ཡང་མ་སྤངས་མཐོང་བ་མེད།། འདི་ཡང་ད་ཡི་དབང་བསྐུར་ཡིན།། འདེགས་པ་མེད་པར་མཁའ་ལ
174b5 འགྲོ།། འདི་ཡང་ང་ཡི་དབང་བསྐུར་ཡིན།། ཡན་ལག་མེད་པར་ས་རྣམས་བགྲོད།། འདི་ཡང་ང་ཡི་དབང་བསྐུར་ཡིན།། ཁྱང་གདལ་འུབ་ཆུབ་གཅིག་མཐའ་ཡས།། འདི་ཡང་ང་ཡི་དབང་བསྐུར་ཡིན།། མ་གཡོས་མ་བཅོས་སྣ་ཚོགས་སྡང་།།
174b6 འདི་ཡང་ང་ཡི་དབང་བསྐུར་ཡིན།། ཐ་དད་སྤྲོས་ཀྱང་གཅིག་ལས་མེད།། འདི་ཡང་ང་ཡི་དབང་བསྐུར་ཡིན།། ཟད་མི་ཤེས་པས་གཏེར་ཆེན་ཏེ།། འདི་ཡང་ང་ཡི་དབང་བསྐུར་ཡིན།། སྣ་ཚོགས་སྣང་བས་སེམས་ཉིད་དེ།། འདི་ཡང་ང་ཡི་དབང་བསྐུར
174b7 ཡིན།། ཕྱི་ནང་མེད་པར་ཀུན་ཏུ་སྣང་།། འདི་ཡང་ང་ཡི་དབང་བསྐུར་ཡིན།། བཙལ་བ་མེད་པ་ཅིར་ཡང་འགྲུབ།། འདི་ཡང་ང་ཡི་དབང་བསྐུར་ཡིན།། མཚན་མ་མེད་པར་ཅིར་ཡང་སྣང་།། འདི་ཡང་ང་ཡི་དབང་བསྐུར་ཡིན།། གང་ཡང་མ




iiif viewer powered by OpenSeadragon

174a - 175a

Texts on this page

Gdg005.12 - kun tu bzang po nam mkha' che rtsa ba bsdus pa'i rgyud