e-texts navigator
Collection
Volume
Page
Wylie

173b1 རྨད་ལས། དམ་ཆག་བཟུང་བའི་སྐབས་ཏེ་བདུན་པའོ།། ། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། བཅོམ་ལྡན་པད་ལྡན་ཀུན་བཟང་པོ།། ད་ཀྱི་དབང་རྣམས་བཤད་དུ་གསལ།། དུ་སྣང་གསོལ་པགས་ན་ནས་ཀྱང་།། ཀུན་དུ
173b2 ཡིན།། ཐབས་མཁས་རོལ་པས་ལོངས་སྤྱོད་རྫོགས།། ལོངས་སུ་སྣང་བ་ཐམས་ཅད་སྟོན།། འདི་ཡང་ང་ཡི་དབང་མཆོག་ཡིན།། སྐྱེ་ཤི་མེད་པར་རྡོ་རྗེའི་སྒྲ།། ཅིས་ཀྱང་སྤྱོད་དུ་མེད་པ་སྟེ།། འདི་ཡང་ང་ཡི་དབང་མཆོག་ཡིན།། རྟོགས
173b3 པས་མངོན་པར་བྱང་ཆུབ་སྐུ།། ངོ་བོ་ཉིད་ཀྱིས་རྣམ་པར་དག། འདི་ཡང་ང་ཡི་དབང་མཆོག་ཡིན།། གཉིས་མེད་བདེ་བ་ཆེན་པོའི་སྐུ།། ཀུན་བྲལ་ཉག་གཅིག་ཅི་མ་སྤངས།། འདི་ཡང་ང་ཡི་དབང་མཆོག་ཡིན།། སྐུ་གསུམ་དབྱེར་མེད
173b4 རིམ་པ་འོ།། དོན་ནས་ཡངས་པ་མེད་པར་མཛད།། འདི་ཡང་ཡི་བང་མཆོག་ཡིན།། གང་དག་བསྐལ་བཟང་རྣམ་ས་མས།། གདང་ནས་དག་པའི་པོ་མཚན།། འདི་ཡ་དང་ཡི་དབང་མཆོག་ཡིན།། བབས་དེང་གོང་དང་སྡུག་བསྔལ
173b5 ནུ།། ཆོས་ཉིད་དངོས་པོས་མི་བསྒྲིབ་པ།། འདི་ནིང་ཡི་དབང་མཆོག་ཡིན།། ན་དང་འཆི་བས་སྡུག་བསྔལ་ན།། དངོས་པོའི་མཚན་མ་དང་འདོམས་པ།། འདི་ནིད་ཡི་དབང་མཆོག་ཡིན།། རྒས་དང་ཆུད་པས་དྲུག་བསྔལ་ན།། རྟག་ཆད
173b6 དོན་གྱི་མཐར་སྦྱོར་བ།། འདི་ནི་ང་ཡི་དབང་མཆོག་ཡིན།། དགྲ་དང་བརྡར་བས་སྡུག་བསྔལ་ན།། མཚན་མཞེན་པ་ནང་སྦྱོར་བས།། འདི་ཡང་ང་ཡི་དབང་མཆོག་ཡིན།། སྐྱེ་དང་འཆི་བས་སྡུག་བསྔལ་ན།། མི་རྟོག་དོན་གྱི་མཐའ་མྱོད་པས།།




iiif viewer powered by OpenSeadragon

173a - 174a

Texts on this page

Gdg005.12 - kun tu bzang po nam mkha' che rtsa ba bsdus pa'i rgyud