e-texts navigator
Collection
Volume
Page
Wylie

171b1 མས་སུ་བསྐམ།། སེམས་ཉིད་ཡེ་སངས་རྒྱས་པར་བསྒོམ།། ཀྱི་ནང་སྣོད་བཏུད་ཐམས་ཅད་ཀུན།། ཆོས་ཉིད་བྱང་ཆུབ་སེམས་ས་བསྒོམ།། སྣང་དང་སྲིད་པའི་ཆོས་རྣམས་ཀུན།། གཉིས་སུ་མེད་པར་བསྒོམ་པར་བྱ།། འཁོར་བ་མྱ་ངན་འདས་མད
171b2 ན།། དེ་ཡང་ང་ཡི་སྒོམ་པ་ཡིན།། ཐབས་དང་ཤེས་རབ་གཉིས་མེད་ན།། དེ་ཡང་ང་ཡི་སྒོམ་པ་ཡིན།། རྒྱུ་དང་འབྲས་བུ་གཉིས་མེད་ན།། དེ་ཡང་ང་ཡི་སྒྲོལ་པ་ཡིན།། བལྟ་བ་སྤྱོད་པ་གཉིས་མེད་ན།། དེ་ཡང་ང་ཡི་སྒོམ་པ་ཡིན།།
171b3 སངས་རྒྱས་སེམས་ཅན་གཉིས་མེད་ན།། དེ་ཡང་ང་ཡི་བསྒོམ་པ་ཡིན།། བདེ་བ་སྡུག་བསྔལ་གཉིས་མེད་ན།། དེ་ཡང་ང་ཡི་སྒོམ་པ་ཡིན།། ཡུལ་དང་དབང་པོ་གཉིས་མེད་ན།། དེ་ཡང་ང་ཡི་སྒོམ་པ་ཡིན།། ཤེས་རབ་ཏིང་འཛིན་གཉིས་མེད
171b4 ན།། དེ་ཡང་ང་ཡི་སྒོམ་པ་ཡིན།། ཐམས་ཅད་སེམས་ཉིད་ཡིན་ཤེས་ན།། བསྒོམ་པ་མེད་པའི་སྒོམ་པ་ཡིན།། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས། བསྒོམ་པའི་སྐབས་བསྟན་པ་སྟེ་བཞི་པའོ།། །
171b5 རྡོ་རྗེ་སེམས་དཔས་ཡང་གསོལ་བ།། བཅོམ་ལྡན་པད་ཆེན་ཀུན་བཟང་པོ།། ཉིད་ཀྱི་སྒྲུབ་པ་བཤད་དུ་གསོལ།། དེ་སད་གསོལ་པགས་ནུ་ནས་གང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སྒྲུབ་པའི་རྒྱལ་པོ་ཛ~ཾ་ལཾ་བཀའ།། ཚུལ་འ
171b6 གཞུང་ལས་བྱེ་སྟེ་བཤད།། རྒྱུ་ཉིད་དག་པར་གང་བསྒྲུབ་པ།། འདི་ཡང་ང་ཡི་སྒྲུབ་པ་ཡིན།། འབྲས་བུ་དག་པར་གང་བསྒྲུབ་པ།། འདི་ཡང་དེ་ཡི་སྒྲུབ་པ་ཡིན།། བཅོས་མེད་སྙིང་པོར་གང་བ་གྲུབ་པ།། འདི་ལ་ངང་མི་གྲུབ་པ་ཡིན།། རྩོལ
171b7 བསླབ་མེད་པར་གང་བསྒྲུབ་པ།། འདི་ཡང་ང་ཡི་སྒྲུབ་པོ་ཡིན།། མ་བཙལ་བཞག་པར་གང་བསྒྲུབ་པ།། འདི་ཡང་ང་ཡི་སྒྲུབ་པ་ཡིན།། མཉམ་པ་ཉིད་དུ་གང་བསྲུབ་པ།། འདི་ཡང་ང་ཡི་སྒྲུབ་པ་ཡིན།། མ་བཀག་གྲོང་དུ་གང་བསླབ་པ།།




iiif viewer powered by OpenSeadragon

171a - 172a

Texts on this page

Gdg005.12 - kun tu bzang po nam mkha' che rtsa ba bsdus pa'i rgyud