| | e-texts navigator
|
170b1 བྱང་ཆུབ་སེམས་ནི་ཅིར་ཡང་སྣང་།། ཅིར་ཡང་སྡང་སྟེ་གང་དུ་ཡང་མེད།། དེ་ནི་ང་ཡེ་ལྟ་བ་ཡིན།། བལྟ་རུ་མེད་པའི་ལྟ་བའོ།། ཀུན་ཏུ་བཟང་པོ་ནམ་མཁའ་ཆེ་རྩ་བ་བསྡུས་པའི་རྒྱུད་ལས།། ལྟ་བ་བསྡུས་པའི་སྐབས་ཏེ་གཉིས་པ་མ།།
170b2 རྡོ་རྗེ་སེམས་དཔས་ཡང་གསོལ་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་སྤྱོད་པ་ཇི་ལྟར་སྤྱོད།། དེ་སྐད་གསོལ་པ་གསན་ནས་ཀྱང་།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཡེངས་པ་མེད་པར་གང་སྤྱོད་པ།། འདི་ཡང་ང་ཡི་སྤྱོད་པ་ཡིན།།
170b3 བའི་མན་ངག་སྟེང་དུ་འཇོག། འདི་ཡང་ང་ཡི་སྤྱོད་པ་ཡིན།། བསྒྲུབ་པའི་མན་ངག་ཕུལ་དུ་འབྱིན།། འདི་ཡང་ང་ཡི་སྤྱོད་པ་ཡིན།། བདག་དང་གཞན་དུ་སྣང་བ་རྣམས།། གཉིས་སུ་མེད་པར་གང་སྤྱོད་པ།། འདི་ཡང་ང་ཡི་སྤྱོད་པ་ཡིན།། ཕྱོགས་དང་རིས
170b4 སུ་གང་སྣང་བ།། གཉིས་སུ་མེད་པར་གང་སྤྱོད་པ།། འདི་ཡང་ང་ཡི་སྤྱོད་པ་ཡིན།། ཕྱི་ནང་སྡོད་པཅུད་ཐམས་ཅད་ལ།། དམིགས་པ་མེད་པར་གང་སྤྱོད་པ།། འདི་ཡང་ང་ཡི་སྤྱོད་པ་ཡིན།། འཁོར་བའི་ལས་རྣམས་ཐམས་ཅད་ལ།། རྟོགས་དང
170b5 ལྡན་པས་གང་སྤོད་པ།། འདི་ཡང་ང་མི་མྱོང་བ་ཡིན།། གཟུགས་སུ་སྣང་བ་ཐམས་ཅད་ཀུན།། ང་ཡི་སྒྲ་ཡི་བདག་ཉིད་ཡིན།། སྒྲ་རུ་གྲག་པ་ཐམས་ཅད་ཀུན།། ང་ཡི་གསུང་གི་བདག་ཉིད་ཡིན།། སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན།།
170b6 ཡི་ཐུགས་ཀྱི་བདག་ཉིད་ཡིན།། ཐམས་ཅད་ང་ལས་བྱུང་བས་ན།། ང་ཡི་རང་བྱུང་ཡེ་ཤེས་ཡིན།། ཕྲིན་ལས་རྣམ་བཞི་ཅི་སྤྱད་ཀྱང་།། ང་ཡི་ཕྲིན་ལས་བདག་ཉིད་ཡིན།། ཁྱབ་པར་གདལ་བས་སྤྱོད་པ་ནི།། འདི་ཡང་ང་ཡི་སྤྱོད་པ་ཡིན།། བཅོལ
170b7 དུ་མེད་པ་གང་སྤྱོད་པ།། འདི་ཡང་ངཡི་སྤྱོད་པ་ཡིན།། ཡེ་ནས་ལྡུད་ཀྱིས་རྫོགས་པ་ནི།། འདི་ཡང་ངཡི་སྤྱོད་པ་ཡིན།། སྤྱོད་པ་གཉིས་སུ་མེད་པར་སྤྱོད།། ཐམས་ཅད་སྙིང་པོ་བྱང་ཆུབ་སེམས་སུ་སྤྱོད།། སེམས་ཉིད་ཡེ་སངས་རྒྱས་པར་སྤྱོད།།
iiif viewer powered by OpenSeadragon
170a - 171a