| | e-texts navigator
|
170a1 པར་བྱན་འི་སར་\ུ0f7f།། རྗོད་བྱེད་བཔ་པ་དེག་ལགས།། གཅད་པར་བྱན་དེལྟ་བྱ།། ཀུན་ཏུབཟང་བ་རྣམ་མཁའ་མ་བ་བཟླས་པའི་ཆུད་པས། རྩུབ་མདོར་བསྟན་པའི་སྐབས་ཏུ་དང་ལ།
170a2 སེམས་དཔས་ཡང་གསོལ་པ།། བཅོམ་ལྡན་པ་དེ་ཆེན་ཀུན་བཟང་པོས།། ཉིད་ཀྱི་ལྷ་བ་བཤད་རྫོ་གས་ལ།། དེ་སྐད་གསོལ་ཕྲགས་ན་ནས་རྦའཾ།། ཀུན་ཏུ་བཟ་པོས་བཀའ་སྩལ་པ།། འཛིན་རྟེན་མེད་པར་གང་བསྒྲུབ།། འདི་ཡང
170a3 དུ་ཡི་ལྟ་བ་ཡིན།། ལྕེ་ཤི་མེད་པར་གང་བལྟ་བ།། འདི་ཡང་ངཡི་ལྟ་བ་ཡིན།། འབོ་འགྱུར་མེད་པར་གང་བལྟ་བ།། འདི་ཡང་ང་ཡི་ལྟ་བ་ཡིན།། བྱ་བཙལ་མེད་པར་གང་བལྟ་བ།། འདི་ཡང་ཡི་ལྟ་བ་ཡིན།། ཡངས་དོང།
170a4 མེད་པར་གང་བལྟ་བ།། འདི་ཡང་ང་ཡི་ལྟ་བ་ཡིན།། རྒྱུ་འབྲས་མེད་པར་གང་བལྟ་བ།། འདི་ཡང་ང་ཡི་བལྟ་བ་ཡིན།། ཕྱོགས་སུ་གདལ་བས་འགྱུར་བ་མེད།། འདི་ཡང་ང་ཡི་ལྟ་བ་ཡིན།། སྣང་སྲིད་འདི་ལྟར་སྣང་བའི་ཆོས།། ཀྱི
170a5 སྣོད་བཅུད་ཐམས་ཅད་ཀུན།། སྙིང་པོ་འདི་ལས་གཞན་མ་ཡིན།། དབྱིངས་དང་ཡེ་ཤེས་དོན་རྟོགས་ན།། དེ་ཡང་ང་ཡི་དོན་རྟོགས་ཡིན།། དེ་ལྟར་རྟོགས་པའི་རྣལ་འབྱོར་ནི།། རྟོགས་པ་མངོན་དུ་གྱུར་པ་ཡིན།། དེ་ཉིད་སྙིང་པོ་བྱང་ཆུབ་སེམས།།
170a6 སྙིང་པོ་འདི་ཡང་གཞན་མ་ཡིན།། སྙིང་པོ་བྱང་ཆུབ་ཡི་སངས་རྒྱས།། ཐམས་ཅད་དག་པས་སྐྱེ་བ་ཡིན།། རང་ལས་འབྱུང་བས་སྙིང་པོ་ཡི་ན།། ཡོངས་ལ་ཁྱབ་པས་སྙིང་པོ་ཡིན།། ཅིང་ཡང་བརྟ་བ་ཞིང་པོ་ཡིན། གང་ཡང་ཤར་བས་སྐང་པོ་ཡིན
170a7 ཁྱབ་པར་གདལ་བས་སྙིང་པོ་ཡིན།། གཉིས་སུ་མེད་པས་སྙིང་པོ་ཡིན།། བཙལ་དུ་མེད་པས་སྙིང་པོ་ཡིན།། མིང་ཀཱར་མི་ཤིགས་སྙིང་པོ་ཡིན།། གཅིག་ལས་མེད་པས་སྙིང་པོ་ཡིན།། ཐ་དད་སྣབ་བས་སྙིང་པོ་ཡིན།། ང་ཉིད་སྙིང་པོ་བྱང་ཆུབ་སེམས།།
iiif viewer powered by OpenSeadragon
169b - 170b