| | e-texts navigator
|
16b1 བསམ་གཏན་རྫོགས།། སྣང་སྲིད་ལྷག་མཐོང་ཤར་བས་ཤེས་རབ་རྫོགས།། ཆོས་སུ་རང་ལ་ཤར་བས་ཐབས་ཆེན་རྫོགས།། མཚན་མ་རང་གྲོལ་སྟོབས་ཀྱང་རྫོགས།། སྣང་བ་ཆུ་ལ་ན་གློན་ལམ་རྫོགས།། འདྲ་བྲལ་མེད
16b2 པས་ཡེ་ཤེས་རྫོགས།། འོད་ལྔ་འབྱུང་བས་རིན་ཆེན་སྣ་ལྔ་རྫོགས།། རྫོགས་པའི་གདམས་ངག་མ་ཤེས་ན།། བོང་བུས་སེད་ལྤགས་གོན་པ་འདྲ།། ཞེས་གསུངས་སོ།། ལྷ་ཆུད་རིན་པོ་ཆེ་སྤུངས་པ་ལས། རྫོགས་ལུགས
16b3 ཀྱི་རོ་སྤོད་དབང་བསྐུར་ཆེན་པོའི་ལེའུ་སྟེ་ཉེར་དགུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་ནི་སྠི་ཡི་མཚན་ཉིད་ཡིན།། རང་གི་མཚན་ཉིད་འདི་ལྟ་སྟེ།། མིག་ནི་ཡུལ་ལས
16b4 འདས་པར་རྫོགས།། རྣ་བ་སྲུ་ལས་འདས་པར་རྫོགས།། ལྕེ་ནི་གཉིས་མེད་འདས་པར་རྫོགས།། སྣ་ནི་ཡེ་ཤེས་ཟད་ཐལ་རྫོགས།། དོག་སྒོ་གཞི་ལས་འདས་པར་རྫོགས།། ཚོགས་བརྒྱད་ཐིག་ལེ་ཡེ་ཤེས་བརྒྱད་དུ།
16b5 ཕུང་པོ་ལྔ་ནི་འདས་པ་ལྔ་རུ་རྫོགས།། དྲུག་ལྔ་ཁོང་ཁྲོ་འདས་པ་ལྟ་རུ་རྫོགས།། འབྱུང་ལྔ་ཤ་ཁྲག་དྲོད་སེམས་དབུགས།། འདས་པ་ལྔ་རུ་རྫོགས་པས་དབང་ཆེན་ཐོབ།། སྙིང་སྣོད་སྐུ་ལས་འདས་པར་རྫོགས།། དབུས་ནི
16b6 ཡུལ་ལས་འདས་པར་རྫོགས།། སྨད་ནི་གཉིས་མེད་འདས་པར་རྫོགས།། བུ་བ་རིལ་ཆོས་ལས་འདས་པར་རྫོགས།། རྩ་རྣམས་ཐམས་ཅད་མཁྱེན་པར་རྫོགས།། ཟུར་བརྒྱད་ཡེ་ཤེས་བརྒྱད་དུ་རྫོགས།། ཐེལ་བརྒྱད་ཐིག་ལེ
16b7 བརྒྱད་དུ་རྫོགས། ཤེལ་གྱི་སྦུ་གུ་ཐུགས་རྗེའི་རོལ་པར་རྫོགས།། ངོ་བོ་སྐུ་ལས་འདས་པར་རྫོགས།། རང་བཞིན་ཡུལ་ལས་འདས་པར་རྫོགས།། ཞུགས་རྗེ་གཉིས་མེད་འདས་པར་རྫོགས།། ཡོན་ཏན་ཡེ་ཤེས་ཟད་ཐལ
iiif viewer powered by OpenSeadragon
16a - 17a