| | e-texts navigator
|
168b1 ལ།། ཕྱོགས་སུ་སྤང་བ་མི་སྲིད་དེ།། ཕྱོགས་སུ་འཛིན་པ་སྲེད་པའི་བབས།། ཕྱོགས་ལྔའི་མཐའ་ལ་ཞེན་པ་ཡིས།། མཉམ་ཉིད་མི་རྟོག་བདུད་དུ་འགྱུར།། ཕྱོགས་མེད་གྲོལ་ལོ་རང་ས་གྲོལ།། ལྷུན་གྲུབ་ཕྱོགས་མེད་ཀློང་འགྲོལ།། དངོས་མཚན་མོད
168b2 པའི་ཆོས་ཉིད་དེ།། སྟོང་ཉིད་འགག་པ་མེད་ལ་གནས།། སྣང་བར་འཆར་བར་མི་སྲིད་དེ།། ངེས་མེད་རང་ཤར་སྲིད་པའི་བབས།། སྣང་བ་ངེས་མེད་རང་སར་གྲོལ།། སྟོང་པའི་ཀློང་དུ་རང་སར་གྲོལ།། དབྱེ་བསལ་མེད་དོ་རང་སར་གྲོལ།། ལྷུན
168b3 གྲུབ་ཀློང་དུ་རང་སར་གྲོལ།། འདུ་འབྲལ་མེད་དོ་རང་སརྱ་གྲོལ།། ཐིག་ལེའི་ཀློང་དུ་རང་སར་གྲོལ།། ཅིར་ཡང་འཆར་རོ་རང་པར་གྲོལ།། ངེས་མེད་གྲོང་དུ་རང་སར་གྲོལ།། གཟུགས་སུ་སྣང་ངོ་རང་སར་གྲོལ།། སྣང་བ་དང་གྲོལ་ཀློང་དུ་གྲོལ།།
168b4 སྒྲ་རུ་ཐག་གོ་དང་སར་གྲོལ།། ཐོས་པ་རང་གྲོལ་ཀློང་དུ་གྲོལ།། སྣང་ཞིང་གྲག་པའི་ཆོས་རྣམས་དང་།། མཐོང་ཐོས་སྒོ་ལྔར་ཅིར་ཤར་ཀྱང་།། རང་ཞལ་རང་གིས་མཐོང་བས་ན།། གཉིས་སུ་བལྟ་བའི་ཡུལ་གཞན་མེད།། གཉིས་སུ་མེད
168b5 མཉམ་པ་ཆེ།། ཡུལ་སེམས་མཉམ་པའི་ཀློང་དུ་གྲོལ།། མཉམ་ཉིད་གཅིག་ལ་ཅིར་ཡང་འབྱུང་།། དབྱིངས་ཉིད་གཅིག་པ་ཅིར་ཡང་འཆར།། ཡོན་ཏན་ཐམས་ཅད་སྐྱེད་པར་བྱེད།། དངོས་གྲུབ་ཐམས་ཅད་འབྱུང་བའི་གཞི།། མ་བཙལ་མོར།
168b6 བུ་རིན་པོ་ཆེ།། མ་བགོས་མ་ཕྱེ་གཏེར་གྱི་མཆོག། དེ་ཡི་ངང་ལ་ཀུན་གནས་པས།། ཐམས་ཅད་བྱ་བྱེད་མེད་པར་གྲོལ།། ཞེས་གསུངས་སོ།། གྲོང་ཆེན་རབ་འབྱམས་རྒྱལ་པོའི་ཆུད་ལས། རྫོགས་ཆེན་གྲོ་བཟློག་པའི་ལེའུ་ཞེས་བྱ་སྟེ་བཞི
168b7 བཅུ་རྩ་དྲུག་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ཆུད་འདི་གདམས་སོ།། བདག་གིས་ཆོས་རྣམས་ཐམས་ཅད་ནི།། ཐམས་ཅད་ཆོས་ཉིད་ཀློང་དུ་རིག། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དམ་པ་དེར
iiif viewer powered by OpenSeadragon
168a - 169a