| | e-texts navigator
|
167b1 ཐོགས་པ་མེད་པ་རུ།། མ་ལུས་ཀུན་ལ་འཇུག་པ་ནི།། བྷར་མེད་རླུང་ཞན་དོན་རྟོགས་ཅི།། རྣལ་འབྱོར་ཀུན་གྱི་སྤྱོད་ཡུལ་ཏེ།། བྷྱོ་རླུང་ཤེས་རབ་ཐེག་དམན་པའོ།། ཀཱང་རྟག་ཀུན་ལ་མ་རིགས་པ།། ཨ་ཏྟ་རིགས་པར་སྟོན་པ།།
167b2 བུ་ཡེ་གྲུབ་ཆེན་པོའི་གནད།། སྐྱེ་མེད་དབྱིངས་ལས་མ་གཡོལ་པར།། སྐྱེ་བའི་ཆོ་འཕྲུལ་འབྱུང་བ་ལ།། རྒྱ་འབྲས་མཚན་མར་འཛིན་པ་དེ།། འཁྲུལ་པའི་དབང་གིས་ནོར་པའི་ཕྱིར།། ཨ་ཏིའི་ཆོས་ཉིད་རྒྱ་ཆེན་མེད།། ཀུན་ལ། ཁྱབ་པར
167b3 བསྟན་པ་དེ།། འོག་མ་རྣམས་ལ་མི་རིགས་ཏེ།། ཨ་ཏི་ཡོ་གར་རིགས་པའི་གནད།། སངས་རྒྱས་སེམས་ཅན་གཅིག་པ་ལ།། དགོངས་སྤྱོད་དབྱེ་རུ་མེད་པ་དེ།། འཁོར་འདས་གཉིས་སུ་བཏགས་པས་འཁྲུལ།། གཟུང་འཛིན་གཉིས
167b4 སུ་གཅོད་པའི་བློ།། ཨ་ཏི་ས་གཉིས་མེད་བསྟན་པ་དེ།། འོག་མ་རྣམས་ལ་མི་རིགས་ཏེ།། ཨ་ཏི་ཡོ་གར་རིགས་པའི་གནད།། རྟོགས་དང་མ་རྟོགས་མེད་པ་རུ།། སྐྱེ་མེད་དབྱིངས་སུ་གྲོལ་བ་ལས།། རྟོགས་ནས་ཟོལ་བར་འདོད་པ་ནི།།
167b5 མཉམ་པ་ཉིད་ཀྱི་དགྲ་ཡིན་པས།། ཨ་ཏིས་མཉམ་པར་བསྟན་པ་དེ།། འོག་མ་རྣམས་ལ་མི་རིགས་ཏེ།། ཨ་ཏི་ཡོ་གར་རིགས་པའི་གནད།། མཚོན་པ་ཐབས་ཀྱི་ཁྱད་པར་ལས།། བརྗོད་བྱ་གུང་ཡང་མ་སྤངས་པར།། བརྗོད་མེད་ཁྲེག་ཆོད
167b6 བླུན་པོའི་ཆོག། དོན་དང་དབྱེར་མེད་བསྟན་པ་དེ།། འོག་མ་རྣམས་ལ་མི་རིགས་ཏེ།། ཨ་ཏི་ཡོ་གར་རིགས་པའི་གནད།། རྫོགས་ཆེན་ལྟ་བ་གཏིང་མཐའ་མེད།། ཡེ་བརྡལ་ཆེན་པོའི་ཆོས་ཉིད་ལ།། ཐུག་པ་མེད་ཅེས་སྐྱོན་འཕེལ་བ།
167b7 མཐའ་མེད་མག་མུན་པའི་བློ།། མུ་མེད་ཚིག་ཆོད་བསྟན་པ་དེ།། འོག་མའི་ཀློང་དུ་མི་རིགས་ཏེ།། རྫོགས་པ་ཆེན་པོར་རིགས་པའི་གནད།། ཐིག་ལེ་གཅིག་གི་ངོ་བོ་ལ།། ཤར་ལུགས་རྒྱ་མཚན་གོ་བཟློག་པས།། འབྲས་བུ་འདོད་པའི
iiif viewer powered by OpenSeadragon
167a - 168a