e-texts navigator
Collection
Volume
Page
Wylie

167a1 བས།། ཐེག་པ་ཀུན་ཏུ་རྩེ་མོ་ཡིན།། ཆེ་བའི་ཆེན་པོར་རང་བཞིན་གནས།། ཀུན་ཏུ་བཟང་པོ་ཡངས་པའི་ཐུགས།། རང་གི་སྟོབས་ཀྱིས་གནས་པའི་ཕྱིར།། ཐེག་ཕྲན་ཐམས་ཅད་ཟི་འགྱིས་གནོད།།
167a2 རིག་པ་རང་གི་སྟོབས།། མཉམ་པའི་ཀློང་ལས་གོ་བཟློག་ཏེ།། ཀློང་ཆེན་གཅིག་ལ་རྟོགས་མ་རྟོགས།། གྲོལ་དང་མ་གྲོལ་གཉིས་མེད་མཉམ།། མཉམ་ཉིད་ཅིང་ཡང་འཆང་བས་ཆེ།། དཔེར་ན་འདབ་ཆགས་ཁྱུང་ཆེན་དེ།། མངལ་ན་གནས
167a3 པའི་དུས་ཚེ་ནའང་།། ཀླུ་རྣམས་ཐམས་ཅད་ཟིལ་གྱིས་གནོན།། འདབ་ག་ཤོག་སྒོ་ངང་ཚད་ཕྱིན་པས།། སྒོང་རྒྱ་རང་གིས་ཧྲལ་བ་དང་།། སྤྱི་རྒྱ་རླབས་ཀྱིས་གཅོད་པ་མཉམ།། འདབ་ཆགས་གཞན་ལ་མི་རིགས་ཏེ།། ལྕང་ཆེན་ར
167a4 རིགས་པའི་ཕྱིར།། བར་སྣང་ཁམས་ཀུན་ལམ་དུ་བདེ།། རྟོགས་དང་མ་རྟོགས་མེད་པར་གྲོལ།། འདི་དང་ཕྱི་མ་མེད་པ་དང་།། གྲོལ་དང་མ་གྲོལ་མཉམ་པའོ།། མཉམ་ཉིད་རྒྱུན་ཆད་མེད་པ་དེ།། ཐེག་དགུ་རིམ་གྱིས་བཟོད་ནས་སུ།
167a5 བརྒྱུད་ནས་གྲོལ་བར་འདོད་པ་དང་།། ཤིན་ཏུ་སྦྱངས་དང་སྤངས་པ་དང་།། བསྒྱུར་ནས་སངས་རྒྱས་འདོད་པ་ལ།། གང་ལ་རིག་དང་མི་རིགས་ཀྱང་།། རྫོགས་ཆེན་རང་ལ་རིགས་ཏེ་བདེ།། ཅི་སྟེ་ཐམས་ཅད་མ་ལུས་ཀྱང་།། བདེ་ཆེན
167a6 སྒྲ་ཉིད་ཀྱི་ཀློང་།། རང་བཞིན་ཆོས་སུ་ཀློང་ཆེན་དུ།། མ་གྲོལ་བ་ནི་འགའ་ཡང་མེད།། ཆོས་ཉིད་དབྱིངས་ལས་རང་བཞེངས་པས།། རྡོ་རྗེའི་སྙིང་པོ་ཉིད་ཀྱི་སྐུ།། བག་ཆགས་བརྟས་པའི་བདག་ལུས་ལ།། སྙིང་པོ་ཉིད་ཀྱི་རྩལ་རྫོགས་ཏེ།།
167a7 སྤྱི་ཤིའི་འཕྲེང་ལས་བརྒལ་བའི་ཕྱིར།། བར་དོ་མེད་པར་ལུས་བོར་ནས།། རིག་པ་གཅིག་པུ་རྟེན་མེད་དེ།། འཁོར་འདས་ཀུན་དང་དབྱེར་མེད་ཅིང་།། རྒྱ་ཆད་ཕྱོགས་ལྷུང་མེད་པ་རུ།། སྤྲུལ་པ་ཕྱོགས་མེད་འབྱུང་བ་དང་།། ག




iiif viewer powered by OpenSeadragon

166b - 167b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo