e-texts navigator
Collection
Volume
Page
Wylie

166b1 ངུ་ཟད།། ཡེ་ཨུ་བ་ཡིན་ལྡེར་བསྒྲུབ་མེད།། མགྲོལ་ཆེན་ས་ཆོས་ཀྱི་དཀྱིམས། དངོས་པོ་ཀུན་ལས་རང་བཞིན་དབེན།། ། དངོས་པོ་ཐམས་ཅད་མྱེད་བྱ་འོ།། ཀུན་གྱི་རང་བཞིན་འདི་ཡིན་པས།། ཐམས་ཅད་ཀུན་དང་མཚུངས་པར
166b2 སྐད།། ངེས་པའི་དོན་འཐིག་ལོ་གཙུག། མཚན་ཉིད་འཛིན་ལ་ཐ་དད་ཤར།། ཤར་ཡང་འདིར་འདུས་འདི་ལ་སྣང་།། ཀུན་མི་རང་བཞིན་ཆོས་ཀྱི་དབྱིངས།། ཆོས་དབྱིངས་རྩ་བ་འདི་ཤེས་ན།། རྐྱེན་ཀྱང་དེ་འི་གྲོང་དུ་བྲལ།། འཁོར་འདས
166b3 ཀུན་གྱི་གྲོལ་ས་ཡིན།། ནམ་མཁའི་སྤྲིན་དང་འཇའ་ཚོན་བཞིན།། སྒྱུ་མའི་ཚུལ་དུ་མ་ངེས་ཤར།། འཛིན་ཆགས་མེད་པས་སྐྱོན་དང་བྲལ།། ནམ་མཁའི་དབྱིངས་ལ་དངོས་གཞི་མེད།། ཆོས་ཉིད་ཐོང་པ་བརྟག་ཏུ་མེད།། དངོས་བྲལ་དངོས་མེད
166b4 དབྱིངས་ཀྱི་ཀློང་།། ཆོས་ཉིད་ཀློད་པས་གཞན་མེད་པས།། ཕྱོགས་མེད་ཤར་ཡང་བདག་ཉིད་རང་།། ལམ་དང་འབྲས་བུའི་ཆོས་རྣམས་བྱུང་།། མ་བཙའ་རང་ལྟས་བྱུང་བས་ན།། ཡིད་བཞིན་ནོར་བུ་རིན་པོ་ཆེ།། སྐྱེ་འཇིག་མེད་པ་ཆོས་ཀྱི་སུ།།
166b5 ཡོན་ཏན་ཕྱོགས་མེད་འབྱུང་བའི་གཞི།། ཅིར་ཡང་མཛེས་སྤྲུལ་པའི་སྲ།། གདུལ་བྱའི་དོན་ལ་འགག་པ་མེད།། མཉམ་ཉིད་དང་གནས་ལོངས་སྤྱོད་རྫོགས།། ཐིག་རྒན་ས་ལ་སྡང་བ་ཡང་།། ཅིར་ཡང་མི་སྣང་དབྱིངས་ལས་འབྱུང་།། བདག
166b6 ཉིང་ཆེན་པོའི་རྒྱུན་དུ་ཤར།། རྒྱལ་བཀུན་གྱི་དགོངས་པ་ཡང་།། སྔགསུ་མ་མྱོང་ལས་མ་གཡོས་པས།། གསང་བའི་དོན་ཉིད་དང་ལས་འཐུག།། ཞེས་གསུངས་སོ།། གྲོང་ཟེ་ནི་རབ་འཐམས་རྒྱལ་པོའི་རྒྱུད་ལས། མཚན་ཉིད་གཅིག
166b7 པར་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། ། དེ་ནས་ཡང་སྟོན་པས་ཉིད་ལས་མི་གཞན་པའི་འཁོར་རྣམས་པ་བཀའ་སྩལ་པ།། ཐེག་པའི་ཡང་རྩེར་གྱུར་པས་ན།། ཨ་ཏི་ཡོ་ག་རྫོགས་པ་ཆེ།། རི་ཌྷ་ལུ་བུར་དཔངས་མ




iiif viewer powered by OpenSeadragon

166a - 167a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo