e-texts navigator
Collection
Volume
Page
Wylie

166a1 ལྡན་གྱིས་གྲུབ།། གང་དུ་མི་གནས་རྣམ་པར་དག། ཅིར་ཡང་འཆར་བས་ངེས་པ་མེད།། ངེས་མེད་གཅིག་གིས་ཀུན་བྱས་པས།། ཐམས་ཅད་ངེས་པ་མེད་པའི་དབྱིངས།། དབྱིངས་ཉིད་གཅིག་ལས་དེར་སྣང་བས།།
166a2 འདྲའོ་འདྲ་མཉམ་ཉིད་ཆེ།། སངས་རྒྱས་བསྟན་པ་མ་ལུས་པ།། མཐར་ཐུག་ཏིང་པོ་འདི་ལས་མེད།། དུས་གསུམ་རྒྱལ་བ་ཐམས་ཅད་པ།། དགོངས་པ་འདི་ལས་ཡོངས་མི་མངའ།། མཐར་གྱིས་འབྲས་བུ་བློ་འདོད་ནས།། གཡེང་སྔགས
166a3 འདུག་སྒོ་གྲངས་མང་ཀྱང་།། པཱགྲཱི་ནང་ཅན་དང་ལོག་སྙེད་ཅན།། ཞེན་ཆགས་རྟེན་ལ་བསྟན་པར་ཟད་།། དེ་བཞིན་ཉིད་དུ་ཀུན་འདུས་པས།། མ་བཙས་དེ་བཞིན་ཉིད་འདི་ལ།། ཆོས་སྤོང་སོང་བ་ཁྲིག་ཆོད་ཡིན།། སྲོག་མི་ཐུབ་པབཟང་ཟིད
166a4 ཡིན།། ས་མ་ཟིན་པ་ལྷུན་པོ་ཡིན།། དགེ་མེད་སྡིག་མེ་དག་འབྱམས་ཡིན།། ཀུན་གྱི་རང་བཞིན་འགག་མེད་འདི།། སྤྱན་གྲུབ་ཕྱོགས་མེད་མ་རྟོགས་པས། བལྟ་བའི་འདོད་གཞུང་དུ་མར་བྱུང་།། བློ་དང་ཆོས་སུ་མ་འདྲེས་པས།།
166a5 མཉམ་ཉིད་མཐའ་ལས་ཕྱོགས་སུ་ཞེན།། ཀུན་རིག་ཤེས་པ་མ་སྐྱེས་པས།། ཡུལ་མེད་གཅིག་ལ་རིས་སུ་གཅོད།། རང་བྱུང་ཕྱོགས་མེད་མ་ཤར་བས།། མུན་པའི་ཀློང་ན་ཚོད་ཀྱིས་འཇལ།། ཐམས་ཅད་དེ་རུ་འདུས་པས་ན།། མ་བསྒྲུབས
166a6 ལྡན་གྲུབ་ཆོས་ཀྱི་དབྱིངས།། དངོས་མེད་ངོ་བོ་གཟུང་དུ་མེད།། ཐིག་ལེ་གཅིག་ཏུ་ཀུན་གྲོལ་བས།། གཉིས་སུ་བྱེ་བའི་ཐ་སྙད་བྲལ།། བྱེ་བྲལ་གཅིག་ཏུ་ཀུན་རྫོགས་པས།། རོ་དོགས་མཐའ་ལ་སྩོལ་མི་དགོས།། དོར་བར་བྱ་བའི་སྐྱོན་མེད
166a7 པས།། བླང་བའི་ཡན་ཏན་ག་ལ་ཡོད།། ཡེ་བལྟས་པ་བསྒོམ་ཡ་སྤྱད་པས།། འབྲས་བུའི་དངོས་པོ་གང་གིས་འགྲུབ།། ཡེ་ནས་བརྙས་པས་ཡུལ་དང་བྲལ།། ཡི་ནས་བསྒོམས་པས་དམིགས་སུ་མེད།། ཡེ་ནས་སྤྱད་པས་བ




iiif viewer powered by OpenSeadragon

165b - 166b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo