e-texts navigator
Collection
Volume
Page
Wylie

165a1 འབྱུང་།། བསྒོམས་དང་མ་བསྒོམས་མེད་པར་འཐུང་།། བཙལ་དང་མ་བཙལ་མེད་པར་འཐུང་།། བསྲུབས་དང་མ་བསྐྱབས་མེད་པར་འབྱུང་།། རང་བྱུང་ཡེ་ཤེས་སྤྱོད་ཡུལ་ནི།། ཕྱོགས་མེད་རིག་པ་ཡིན་པའི་ཕྱིར།།
165a2 ཅིར་སྡང་སྐྱོན་དུ་མི་བལྟ་བས།། ཕྱི་ནང་མེད་ཅིང་དངོས་པོ་བྲལ།། ཅིར་ཡང་མ་འགགས་གཟུང་དུ་མེད།། མྱ་རྐྱེན་མེད་པར་རང་ཤར་བས།། འདི་འདྲར་མེད་ཅིང་བརྟག་པར་དཀའ།། གང་ལ་དགག་བསྐྱབ་མི་བྱེད་པས།། མཉམ་པར་ཤར་གྱིར
165a3 བཟང་ངན་མེད།། ཆོས་རྣམས་སེམས་སུ་འདུས་བླས་ན།། སངས་རྒྱས་སེམས་ཅན་གཅིག་གི་ཀློང་།། མཉམ་ཤར་མཉམ་གྲོལ་བཟང་ངན་མེད།། སེམས་ཉིད་ཀུན་གྱི་གཞིར་གྱུར་པས།། འབྱུང་བ་ཀུན་གྱི་རང་བཞིན་སེམས།། སེམས་དང་ནམ
165a4 མཁའ་དབྱེར་མེད་པས།། དཔེ་རུ་བཏགས་ཀྱང་དོན་དུ་གཅིག། རྫོགས་སོ་རྫོགས་སོ་མཁའ་ལ་རྫོགས།། འབྱུང་ལྔ་ནམ་མཁའི་ངང་དུ་རྫོགས།། རྫོགས་སོ་རྫོགས་སོ་དབྱིངས་ལ་རྫོགས།། ཆོས་རྣམས་སེམས་ཀྱི་དབྱིངས་ལ་རྫོགས།། གསལ་ལོ།
165a5 གསལ་ལོ་མཁའ་ལ་གསལ།། དངོས་པོ་ནམ་མཁའི་ངང་ལ་གསལ།། གསལ་ལོ་གསལ་པོ་དབྱིངས་ན་གསལ།། ཆོས་རྣམས་བྱང་ཆུབ་དབྱིངས་ན་གསལ།། གྲོལ་ལོ་གྲོལ་ལོ་དབྱིངས་སུ་གྲོལ།། མཚན་མ་ཆོས་ཀྱི་དབྱིངས་སུ་གྲོལ།། ཕྱི་ནང
165a6 སྡོད་བཅུད་ཆོས་རྣམས་ཀྱང་།། མ་བཅོས་སེམས་ཀྱི་ཀློང་དུ་གྲོལ།། མ་བྱས་རང་བྱུང་ཡེ་ཤེས་གསལ།། མི་འགྱུར་ཐེག་ལེའི་གྲོང་དུ་གྲོལ།། མ་བརྡལ་ཕྱི་ནང་ཡོངས་ལ་ཁྱབ།། ཕྱི་ནང་སྣོད་བཅུད་ཆོས་རྣམས་ཀྱང་།། མ་བསྡུས་དེ་བཞིན་ཉིད་ལ
165a7 འདུས།། མ་སྤོས་འཁོར་འདས་ཀུན་ཏུ་ཤར།། འཁོར་འདས་ཕྱི་ནང་ཆོས་རྣམས་ཀྱང་།། མ་སྐྱེས་གདོད་ནས་རྣམ་པར་དག། མ་འགགས་རིག་པ་རང་ལ་གསལ།། རང་གསལ་རིག་པ་ཕྱོགས་མེད་ལ།། འཁོར་འདས་གཉིས་སུ་མ་ཞེན་པས།།




iiif viewer powered by OpenSeadragon

164b - 165b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo