e-texts navigator
Collection
Volume
Page
Wylie

164b1 དབྱེར་མེད་རོལ་པ་རྒྱན་མེང་ཟད།། རང་བཞིན་དབྱིངས་ཀྱི་རོལ་པ་དང་།། ཐུགས་རྗེ་ཤུགས་ཀྱི་རོལ་པ་དང་།། རང་བྱུང་རང་ཤར་རོལ་པའོ།། རང་བཞིན་དབྱིངས་ཀྱི་རོལ་པ་ནི།། འཁོར་འདས་གཉིས་སུ་ཡེ་ནས་བྱུང་།། ཐུགས་རྗེ་ཤུགས་ཀྱི་རོལ
164b2 པ་ནི།། གདུལ་བྱའི་དོན་ལ་མི་འགགྲག་སྟེ།། འགྲོ་དོན་ཕྱོགས་མེད་མཛད་པ་ཡི།། ལས་ལས་ཐུབ་པའི་སེམས་ཅན་ལ།། ཐུགས་རྗེ་ལས་གྲུབ་སངས་རྒྱས་ཏེ།། སྤྲུལ་པ་གསུམ་གྱི་ངོ་བོར་སྡང་།། རང་བྱུང་རང་ཤར་རོལ་པ་ནི།། ཚུན་ཆད་མེད
164b3 པའི་ཆོས་ཉིད་ལ།། སྟོང་དང་བྲི་བ་མེད་པའི་ཕྱིར།། ནམ་མཁའི་ཀློང་དང་ཆོ་འཕྲུལ་བཞིན།། འདི་ཡིན་འདི་མིན་མེད་པ་རུ།། ཕྱོགས་མེད་དག་ཏུ་འཆར་བ་དེ།། རང་བྱུང་རང་ཞི་ངེས་པ་མེད།། ཆུ་རྐྱེན་མེད་པར་འབྱུང་བ་དང་།། རྒྱ་རྐྱེན་གཉིས་ལྷར
164b4 འཆར་བ་དང་།། རྩཝ་རྐྱེན་གཉིས་ལྟར་གྲོལ་བ་དང་།། རྟག་ཆད་གཉིས་ལྟར་འཆར་བ་དང་།། རྟག་ཆད་གཉིས་ལྷར་གྲོལ་བ་དང་།། འཁོར་འདས་གཉིས་ལྟར་འཟར་བ་དང་།། འཁོར་འདས་གཉིས་ལྟར་གྲོལ་བ་དང་།། ཐམས་ཅད་རང་ལས་ཤར
164b5 བ་དང་།། ཐམས་ཅད་རང་དུ་གྲོལ་བ་དང་།། ཐ་དད་འཆར་བ་གཉིས་སུ་མེད།། རང་བྱུང་རང་ཤར་ཐུགས་རྗེ་ཡིན།། དབྱིངས་ལས་གཡོས་པ་མེད་མོད་ཀྱང་།། ཆོས་རྣམས་ཀུན་ལ་དབང་བསྒྱུར་དང་།། ཡུལ་རྣམས་ཀུན་ལ་དབང་བསྒྱུར
164b6 དང་།། དུས་རྣམས་ཀུན་ལ་དབང་བསྐུར་དང་།། འཐུང་བ་ཀུན་ལ་དབང་བསྐུར་དང་།། སྣོད་བཅུད་ཀུན་ལ་དབང་བསྐུར་དང་།། འདུ་བྱེད་པས་ལ་དབང་བསྐུར་བ།། དེ་ཡང་ཐུགས་རྗེའི་རོལ་པ་ཡིན།། སངས་རྒྱས་ཞེང་ལ་དབང་བསྐུར་ད་།
164b7 ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། ཞི་བའི་ཆོས་ལ་གནས་པ་དང་།། ཟག་མེད་མྱ་ངན་འདས་པ་ཡང་།། ཐུག་ས་རྗེ་དབྱིངས་ཀྱི་རོལ་པ་ཡིན།། ཆོ་འཕྲུལ་ཆེན་པོ་དཀའ་སླ་མེད།། དེ་མ་ཐག་ཏུ་རང་ལས་འབྱུང་།། བལྟས་དང་མ་བལྟས་མེད་པར




iiif viewer powered by OpenSeadragon

164a - 165a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo