e-texts navigator
Collection
Volume
Page
Wylie

163a1 རང་སར་གྲོལ་བར་ཡིད་ཀྱང་ཆེས།། བདེ་ཆེན་པས་ཀྱང་སྡུག་བསྔལ་གཙོ།། ལྷག་བསྔལ་ཞེན་ཆགས་མཚན་མ་ཡིས།། བདེ་ཆེན་ཆགས་མེད་གཏན་ལ་འབེབས།། གདམས་ངག་ཐོབ་པས་ཡིད་ཆེས་པས།། གཉིས་སུ་མེད་པར
163a2 གཆོད་ནས།། དང་སར་གྲོལ་བར་ཡིད་ཀྱང་ཆེས།། ཆོས་ཉིད་པས་ཀྱང་ཆོས་ཅན་གཙོ།། ཆོས་ཅན་མཚན་མ་རང་ཆུད་པས།། ཆོས་ཉིད་སྐྱེ་མེད་གཏན་ལ་འབེབས།། ཆོས་ཅན་ཆོས་ཉིད་དབྱེར་མེད་དེ།། གཉིས་མེད་ཀློང་དུ་ཐག་ཆོད་པས།། རང
163a3 པ་གྲོལ་བར་ཡིད་ཀྱང་ཆེས།། ཡེ་ཤེས་པས་ཀྱང་ཉོན་མོངས་གཙོ།། ཉོན་མོངས་འཆིང་བའི་ཞགས་པ་ཡིས།། རང་བྱུང་ཡེ་ཤེས་གཏན་ལ་འབེབས།། ཉོན་མོངས་ཡེ་ཤེས་དབྱེར་མེད་དེ།། གཉིས་མེད་ཀློང་དུ་ཐག་ཆོད་པས།། རང་སར་གྲོལ
163a4 པར་ཡིད་ཀྱང་ཆེས།། དེ་ལ་སོགས་པའི་ཆོས་རྣམས་ཀུན།། དུས་རྣམས་ཀུན་ཏུ་དབྱེར་མེད་དེ།། གཉིས་མེད་ཀློང་དུ་ཐག་ཆོད་པས།། རང་སར་གྲོལ་བར་ཡིད་ཀྱང་ཆེས།། དེ་ལྟར་ཡིད་ཆེས་ཐག་ཆོད་པས།། རྟོག་པའི་ཉམས་མྱོང་བློ་བདེའོ།། དབྱིངས
163a5 འགྲོ་ས་མེད་པའི་ཕྱིར།། ཕུང་པོ་བོར་བས་དབྱིངས་སུ་གྲོལ།། ཀྲོང་ལས་འགྱུར་ས་མེད་པའི་ཕྱིར།། མཚན་མའི་ཆོས་ལ་ཡ་མི་ང་།། ཐམས་ཅད་ཐམས་ཅད་དབྱིངས་སུ་གྲོལ།། སེམས་ཅན་སངས་རྒྱས་དབྱིངས་སུ་གྲོལ།། རྒྱུན་ཆད་མེད་པ་སྩལ
163a6 འི་སྐུ།། སྣང་བ་སྟོང་པའི་དབྱིངས་སུ་གྲོལ།། རྒྱུན་ཆད་མེད་པ་ལོངས་སྤྱོད་རྫོགས།། སེམས་ཅན་ཆོས་ཉིད་དབྱིངས་སུ་གྲོལ།། རྒྱུན་ཆད་མེད་པ་ཆོས་ཀྱི་སྐུ།། སྡུག་བསྔལ་བདེ་ཆེན་དབྱིངས་སུ་གྲོལ།། ཚུན་ཆད་མེད་པ་རྡོ་རྗེའི་སྐུ།། ཉོན་མོངས་ཡེ་ཤེས
163a7 གྲོང་དུ་གྲོལ།། རྒྱུན་ཆད་མེད་པ་མངོན་པ་རུ།། བྱང་གྲུབ་པ་ཡི་སྐུ་རུ་བཤད།། དེ་ཡང་མཚན་ཉིད་ཇི་ལྟ་བུ།། སྤྲུལ་པའི་སྐུ་ལ་ངེས་པ་མེད།། ལོངས་སུ་བདེ་ཆེན་ངེང་ལ་གནས།། ཆོས་ཀྱི་སྐུ་ལ་མཚན་མ་མེད།། རྡོ་རྗེའི་སྐུ་ནི་འཇིག་འདྲལ་བྲལ།།




iiif viewer powered by OpenSeadragon

162b - 163b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo