e-texts navigator
Collection
Volume
Page
Wylie

162a1 ནུ་མན་ཆད་རང་རང་གི།། བདེན་པའི་གཏན་ཚིགས་གང་སྤྲོས་ཀྱང་།། གཏན་ལ་ཕེབས་པ་མ་ཡིན་ཏེ།། འཛིན་པ་དམ་པོས་བཅིངས་པའི་ཕྱིར།། ཆོས་ཉིད་འཛིན་པ་ཀུན་བྲལ་ལ།། ཕྱོགས་སུ་ལྦ་བ་འཁྲུལ་བའི་བློ།། རོལ་པ
162a2 ཕྱོགས་མེད་འབྱུང་བ་ལ།། མཐའ་རུ་འཛིན་པ་འཆིང་པའི་བདུད།། ཡོད་པར་ཞེན་ན་རྟག་པའི་མཐའ།། མེད་པར་ཞེ་ན་ན་ཆད་པའི་མཐའ།། རྟག་ཚད་གཉིས་སུ་བློ་ཞེན་པ།། བྱང་ཆུབ་སྙིང་པོའི་གོ་ལས་ཡིན།། ངེས་པར་གཏན་ལ་དབབ་པ་ནི།། སྡང
162a3 སྲིད་འཁོར་འདས་ཆོས་རྣམས་ཀུན།། གཞི་ལ་མ་སྤངས་ལྡན་གྲུབ་པུས།། ཕྱོགས་མེད་དག་ཏུ་གཏན་ལ་འབེབས།། ངོ་བོ་ངེས་པ་མེད་པའི་ཕྱིར།། རང་བྱུང་ཡེ་ཤེས་གཏན་ལ་འབེབས།། བདག་ཉིད་ཐོག་མཐའ་བྲལ་བ་ཡིས།། སྔ་མྦྷི་ཐོག་མཐའ་མེད་པ་དང་།།
162a4 ཀྱེ་ཤི་འཕོ་འགྱུར་མེད་པ་ནི།། གཏན་ལ་འབེབས་པ་ཡིན་པའི་ཕྱིར།། དམན་པའི་ཐེག་པ་ཀུན་ལས་རྒྱལ།། ཨ་ཏི་ཡེ་གོལ་གཏན་ཚིགས་ཡིན།། དེ་དོན་གཏན་ཚིགས་སྟོན་པ་ཡང་།། རྒྱལ་བའི་བཀའ་ལ་རག་ལས་པས།། བྱིན་གྱིས་བརླབས་ནས་བརྒྱད
162a5 པ་ལ།། རྣ་བརྒྱད་ཟབ་མོ་ངེས་པའི་ལུང་།། ཨ་ཏི་ཡོ་གའི་དོན་འདིར་བཏགས།། ཞེས་གསུངས་སོ།། གྲོང་ཆེན་རབ་འབྱམས་ཀྱལ་པོའི་རྒྱུད་ལས། གོང་ན་མེད་པར་ངེས་པར་ལུང་བསྟན་པའི་ལེའུ་སྟེ་བཞི་བཅཝ་རྩ་གཉིས་པའོ།།
162a6 ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ལས་མི་གཞན་པའི་འཁོར་རྣམས་ལ་བཀའ་སྩལ་པ། ཨེ་མ་ཐེག་ཆེན་ཡངས་པའི་ཆོས།། ཀུན་ཤོང་ཀུན་གྲོལ་ངོ་མཚར་ཆེ།། སྡང་པ་ཤར་བས་ཆོས་ཉིད་མཐོང་།། སྔོན་ཆད་མ་མཐོང་བདག་གིས་མཐོང་།། སྡུག་པ
162a7 ཤར་བས་བདེ་ཆེན་མཐོང་།། བདེ་དང་སྡུག་བསྔལ་གཉིས་མེད་ཅིང་།། མི་འགྱུར་ཚིག་ཆོད་སྣང་བར་ཤར།། སྔོན་ཆད་མ་མཐོང་བདག་ཉིད་མཐོང་།། སེམས་ཅན་ཤར་བས་སངས་རྒྱས་མཐོང་།། སངས་རྒྱས་སེམས་ཅན་གཉིས་མེད་ཅིང་།། མི་འགྱུར་ཆོས




iiif viewer powered by OpenSeadragon

161b - 162b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo