e-texts navigator
Collection
Volume
Page
Wylie

161a1 གས་སྤྱོད།། སྤྱད་པས་མི་ཟེར་བཞག་པས་ཟིན།། གང་ཡང་བཞག་པ་རང་ནབདེ།། མ་སྡོད་སེམས་ཀྱི་ཀློང་ལ་བསྐྱ་།། བསྒྲུབས་པས་མ་རྙེད་བཙལ་བ་སྦྱར།། དམིགས་སུ་མེད་པའི་བླང་ན་བདེ།། ལྟ་བནས་ཀྱང
161a2 ཆེན་མོང་།། བདེ་ཆེན་གྲོང་ལ་ཡངས་དོག་མེད།། ཇི་ལྟར་བསྒོམས་ཀྱང་བདེ་ཆེན་དང་།། བདེ་ཆེན་དངལ་རྒྱུན་ཆད་མེད།། ཇི་ལྟར་སྤྱད་ཀྱང་བདེ་ཆེན་དབྱིངས།། བདེ་ཆེན་དབྱིངས་ལ་བྱ་བཙལ་མེད།། ཇི་ལྟར་བསྲུབས་ཀྱང་འདི་ཆེན་སྤོང་།། བད་མེན་གླིང་ལ
161a3 འགྱུར་མེད།། ལྟ་བ་ཀློང་ཆེན་ཀློང་རེ་ཡངས།། བསྒོམ་པ་སྟོང་ཆེན་གཏིང་རེ་ཟབ།། སྤྱོད་པ་ཀློང་ཆེན་ཤུགས་རེ་དྲེག། འབྲམ་བུ་སློང་ཆེན་འདོད་དགྱུང་བསྐུར།། རྟོག་པ་མོང་ཆེན་བློང་བདེ།། ཉམས་མྱོང་བཞགས་མེད་པའི་ཕྱིར།། ལྟ་བ་ཕྱོགས་རིས་མ་སྐྱེ
161a4 ཅིག། སེམས་ལ་གཞི་རྟེན་མེད་པའི་བྱེར།། ཏིང་འཛིན་དམིགས་གཏད་མ་འཆའ་ཅིག། བདག་གཞན་གཉིས་སུ་མེད་པའི་ཕྱིར།། སྤྱོད་པ་བླང་དོར་མ་བྱེད་ཅིག། འཁོར་འདས་དབྱེ་བསལ་མེད་པའི་ཕྱིར།། འབྲས་བུ་དོགས་མ་བྱེད་ཅིག། ནམ་མ
161a5 གོང་ན་འདྲུད་པ་མེད།། རང་སེམས་གོང་ན་སངས་རྒྱས་མེད།། འབྱུང་བ་ནམ་མཁའི་ཆོ་འཕྲུལ་ཡིན།། སངས་རྒྱས་སེམས་ཀྱི་ཆོ་འཕྲུལ་ཡིན།། སེམས་ཅན་ཀུན་ཀྱང་རང་གི་སེམས།། ནམ་མཁའི་གོང་ན་འབྱུང་བ་མེད།། རང་སེམས་གོང་ན་ལྟ་བ་མེད།།
161a6 འབྱུང་བ་ནམ་མཁའི་ཆོ་འཕྲུལ་ཡིན།། བལྟ་བ་སེམས་ཀྱི་ཆོ་འཕྲུལ་ཡིན།། བལྟ་རུ་མེད་པའི་ངག་གི་སེམས།། ནམ་མཁའི་གོང་ན་འབྱུང་བ་མེད།། སེམས་ཀྱི་གོང་ན་ཏིང་འཛིན་མེད།། ཏིང་འཛིན་སེམས་ཀྱི་ཚེ་འཕྲུལ་ཡིན།། མི་བསྒོམ་པ་ཡང་རང་གི།
161a7 སེམས།། ནམ་མཁའི་གང་ན་འབྱུང་བ་མེད།། རང་སེམས་གོང་ན་སྤྱོད་པ་མེད།། སྤྱོད་པ་སེམས་ཀྱི་ཆོ་འཕྲུལ་ཡིན།། མི་སྤྱོད་པ་ཡང་རང་གི་སེམས།། ནམ་མཁའི་གོང་ན་འབྱུང་བ་མེད།། འབྱུང་བ་ནམ་མཁའི་ཆོ་འཕྲུལ་ཡིན།། རང་སེམས་གོང་ན།




iiif viewer powered by OpenSeadragon

160b - 161b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo