| | e-texts navigator
|
15b1 ཕྱོགས་མེད་ཤར་ཙམ་ན།། བྱིན་རླབས་མི་འདུག་རང་དབང་མེད།། ཅེས་གསུངས་པ། ཝཱ་རྒྱུད་རིན་པོ་ཆེ་སྦྱངས་པ་ལས། མཁའ་འགྲོ་མ་དབང་བསྐུར་བ་དཱི་ལེའུ་སྐེ་ཉེར་བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་།
15b2 བརྗོད་ན་ཅིག།། ཐེག་པའི་ཁྱད་པར་བསྟན་པ་ནི།། ཉན་ཐོས་འབྲས་བུ་དྲགྲ་བཅོམ་པ།། བསྐལ་པ་གྲངས་མེད་བདུན་ན་འདོད།། དྲག་ལྔ་དགྲ་བཞིན་སྤོང་བ་ཡིན།། ཐེག་ཆེན་དབུ་མ་སྟོང་པར་འདོད།། གཅིག་དང་དཔྲལ་ལ་སོགས་པ།། གཏན་ཚིགས
15b3 གཞིགནས་སྟོང་པར་འདོད།། དེ་ཡང་དུག་དང་སྦྱོར་བ་ཡིན།། ཤེས་རབ་ཕ་རོལ་ཕྱིན་ལ་སོགས།། མདོ་རྒྱུད་སྔགས་ཀྱི་ཁྱད་པར་གང་།། མདོ་རྒྱུད་དབང་གི་གདམས་པ་མེད།། སྔགས་ལ་རྣམ་པ་གཉིས་ཡིན་ཏེ།། གྱི་པ་དང་ནི་ནང་པའོ།། ཕྱི་བའི་དབང་ལས་ནང
15b4 པའི་དབང་།། ཕན་པའི་དབང་བཅུ་ཁྱད་པར་འཕགས།། ནང་གི་རྒྱུད་ནི་དབང་ལྔ་དང་།། བདུད་རྩི་ལྔ་ཡིས་ཁྱད་པར་འཕགས།། དེ་བས་རྫོགས་ཆེན་ཁྱད་པར་ཆེ།། སྔགས་ནི་བསྒྲུབ་བསྒྱུར་འབྲས་བུར་འདོད།། རྫོགས་ཆེན་རྟོགས་པས་སངས་རྒྱས་པ།། ཚིག
15b5 དབང་གཅིག་གིས་རྟོགས་པར་འདོད།། དབང་བསྐུར་རྫོགས་པ་དབང་ལྔ་ཡིན།། དེ་ནི་འོག་མ་རྣམས་ལ་མེད།། མཆོད་པ་རྣམ་ལྔ་ལྟ་སྒོམ་པ།། དེ་ནི་ཀྲྀ་ཡ་ཡིན་པར་འདོད།། མཆོད་པ་རྣམ་ལྔ་སྤུ་ལྔ་བསྒོམ།། དེ་ནི་ཡོ་གཡིན་པར་འདོད།། བདུད་རྩི་ལྔ་མཆོད་རིགས
15b6 བསྒྲུབ།། དེ་ནི་མ་ཧཱ་ཨ་ནུར་འདོད།། གསང་སྔགས་དབང་གིས་ཁྱད་པར་འཕགས།། རྫོགས་ཆེན་ཐམས་ཅད་ཆོས་སྦྱར་རྟོགས།། རིག་པ་རྩལ་གྱི་དབང་ཆེན་ཐོབ།། དེས་ན་ཁྱད་པར་རབ་ཏུ་ཆེ།། སྙན་བརྒྱད་རིན་ཆེན་སྤུངས་པ་འདི།། ཐམས་ཅད་དོ་སྤོད་པ་ལ་འདོད།།
15b7 དུས་བཞི་མཉམ་སྦྱོར་ཁྱད་པར་ཆེ།། གཞི་ལས་གྲོལ་བས་ཁྱད་པར་འཕགས།། དེས་གསུངས་སོ།། ལྷ་ཆུད་རིན་པོ་ཆེ་སྤངས་པ་ལས། ཐེག་པའི་ཁྱད་པར་མཚོན་པའི་ལེའུ་སྟེ་ཉེར་བརྐྱང་བའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི
iiif viewer powered by OpenSeadragon
15a - 16a