| | e-texts navigator
|
159b1 རང་ལས་བྱུང་བའི་ཕྱིར།། རང་གི་འབྲས་བུ་རང་གིས་བསྲུབ།། བསྒྲུབས་པས་གཞན་ནས་མི་འགྲུབ་ཕྱིར།། རང་གི་འབྲས་བུ་རང་གིས་གྲུབ།། བདག་གཞན་གཉིས་སུ་མེད་པའི་ཕྱིར།། རང་གི་འབྲས་བུར་དགས་གྲུག།། ཡོན་ཏན་དང་ལ་རྫོགས་པའི་ཕྱིར།། རང
159b2 གི་འབྲས་བུ་རང་གིས་གྲུབ།། གཉེན་པོ་གཞན་ན་མེད་པའི་ཕྱིར།། རང་གི་འབྲས་དུ་རང་གིས་གྲུབ།། བསྒྲུབ་པར་བྱ་བའི་ཐབས་དེ་ལ།། བསྙེན་དང་ཉེ་བའི་བསྙེན་པ་དང་།། སྒྲུབ་དང་གྲུབ་པ་ཆེན་པོར་བཏགས།། བསྙེན་པའི་ལས་ཞེས་ཟླ་བ་ནི།། ཨ
159b3 ལགའི་བུང་ཆུབ་སེམས།། འཁོར་འདས་གཉིས་སུ་མེད་པའི་ཕྱིར།། སངས་རྒྱས་ས་ལ་ཡིནས་བསྟོད།། རང་བྱུང་བ་ཤེས་རང་ཤར་བས།། རྟོགས་པའི་དངལ་ཡེ་ནས་བཞིན།། སུགསུམ་མང་ནིང་ལྟུང་བས་།། གློ་འཕ་མཿབྲལ་བ་ནས
159b4 བསྙེན།། ཆོས་ལ་བླང་དོར་མི་བྱེད་པས།། མཉམ་པ་ཉིད་ལ་ཡེ་ནས་བསྙེན།། སྣང་སྟོང་རིས་སུ་མི་འཛིན་པས།། དབྱེར་མེད་པ་ལ་ཡེ་ནས་བསྐྱེན།། ངེས་པར་རྟོགས་ན་གཞན་མེད་པས།། དགོངས་པ་མཆོག་པ་ཡེ་ནས་བསྙེན།། ཨ་ཏི་རང་བྱུང
159b5 བསྟེན་པ་ཡིན།། ཉེ་བསྙེན་ཞེས་སུ་བཏགས་པ་ནི།། བརྗོད་དུ་མེད་པའི་བཟླས་པ་ཡིས།། སྒྲར་མེད་ཀློང་དུ་ཉེ་བར་བསྙེན།། དམིགས་སུ་མེད་པའི་ཏིང་འཛིན་གྱིས།། གནས་སུ་མེད་ལ་ཉེ་བར་བསྙེན།། ཅིར་ཡང་འགྱུར་བའི་ཕྱག་རྒྱ་ཡིས།། འཛིན་ཆགས
159b6 མེད་ལ་ཉེ་བར་བསྟེན།། དང་ལུགས་ཆེན་པོའི་བྱིན་རླབས་ཀྱིས།། ཚུན་ཆད་མེད་ལ་ཉེ་བར་བསྙེན།། རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས།། མངོན་པར་མཐོང་བ་ཉེ་བར་བསྙེན།། མྱོང་བ་མེད་པའི་དྲོད་རྟགས་ཀྱིས།། འདོད་པ་མེད་པར་ཉེ་བར་བསྙེན།། ཨ་ཏི
159b7 རང་བྱུང་ཉེ་བསྙེན་ཡིན།། གྲུབ་པ་ཞེས་སུ་བཏགས་པ་ནི།། རང་བྱུང་ཡེ་ཤེས་དཀྱིལ་འཁོར་དུ།། རང་སྡང་རོལ་པའི་ལྷ་བཀོད་དེ།། རྫུ་རྐྱེན་མེད་པའི་རྫས་བསོགས་ནས།། གཞི་ཅ་མེད་པར་རྟོགས་པ་ཡིས།། བྱ་བྲལ་ཀློང་ཆེན་བསྒྲུབ་པ་བྱ།
iiif viewer powered by OpenSeadragon
159a - 160a