| | e-texts navigator
|
159a1 ཐམས་ཅད་ཀུན་བཟང་ལྷུན་གྱིས་གྲུབ།། གཅིག་ལས་ཤར་བས་བརྡལ་བ་ཆེ།། མཐའ་རྣམས་མ་ལུས་རང་སར་གྲོལ།། གཟུང་འཛིན་མཚན་མ་ཟིལ་གྱིས་མནན།། མཐའ་རྣམས་མ་ལུས་དབྱིངས་སུ་གཅིག། གཅིག་ཏུ་འསྲན་ཟླ
159a2 བྲལ་བའི་ཕྱིར།། རབ་ཏུ་ཆེ་མཆོག་ཆོས་ཀྱི་སྐུ།། ཆེ་བའི་ཆེན་པོར་རང་བཞིན་གནས།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། རྒྱལ་པོ་ལྟ་བུར་མི་གཡོ་ཡང་།། མཚན་མ་ཐམས་ཅད་ཟིལ་གྱིས་གནོན།། འཁོར་འདས་ཀུན་ལ་དབང་བལྟར་ཀྱང་།
159a3 མཉམ་པའི་དོན་ལས་གཡོས་པ་མེད།། ཐམས་ཅད་ཀུན་ཏུ་བཟང་པོར་གཅིག། མི་བཟང་བ་ཡང་བཟང་པོར་གཅིག། བཟང་ངན་མེད་པར་ཀུན་ཏུ་བཟང་།། མི་གཅིག་པ་ཡང་གཅིག་པར་གནས།། ཐམས་ཅད་ལྷུན་གྱིས་གྲུབ་པར་འདུས།། མ་གྲུབ་པ་ཡང་ཕུང
159a4 པར་འདུས།། མཉམ་ཉིད་ལྷུན་གྱིས་གྲུབ་པ་ལ།། གྲུབ་དང་མ་གྲུབ་མེད་པར་གཅིག། གཅིག་ལས་ཀུན་ཏུ་ཤར་བས་ན།། ཀུན་ཤར་རིས་མེད་ཆོས་ཀྱི་དབྱིངས།། ཆོས་ཀྱི་དབྱིངས་ལ་བྱ་རུ་མེད།། དབྱིངས་ཉིད་གཅིག་ལ་བཙལ་དུ་མེད།། རྩོལ་བསྡུབ
159a5 རང་གི་དབྱིངས་ནས་ཤར།། གཞན་ནས་བཙལ་དུ་མེད་པའི་ཕྱིར།། གང་ལ་རྩོལ་ཞིང་གང་དུ་བསྒྲུབ།། བསྒྲུབ་ཅི་དཀྲོལ་བར་རང་གི་སེམས།། བཙལ་བའི་ཡུལ་མེད་རང་སྣང་ལ།། བསྒོམས་པས་གཞན་དུ་མཐོང་བ་མེད།། བསྒྲུབ་པའི་གཞི་མེད་གནས
159a6 ས་སྨྲ་ས་འདྲེ
159a7 འཇུག་པ་མེད་པའི་ལེའུ་སྟེ་བཞི་བཅུ་པའོ།། ། དེ་ནས་ཡང་ཉིད་ཀྱི་འཁོར་ལ་སྟོན་པ་ཉིད་ཀྱིས་བཀའ་སྩལ་པ། ཆོ་འཕྲུལ་ཆོ་འཕྲུལ་ཞེས་བྱ་བ།། བསྒྲུབ་པ་དོན་དུ་གཉེར་ལས་འགྲུང་།། ངེས་པར་བསྒྲུབས་ན་གཅིག་ལས་མེད།། སངས་རྒྱས
iiif viewer powered by OpenSeadragon
158b - 159b