e-texts navigator
Collection
Volume
Page
Wylie

158b1 ཅིང་ཡང་སྟོན།། མ་འགགས་ཐུགས་རྗེའི་སྤྲུལ་པ་ནི།། ངེས་མེད་སུ་སྡེ་ཅིར་ཡང་སྣང་།། ཉིད་ཀྱི་རལ་པར་ཉིད་ལོངས་སྤྱོད།། ལོངས་སྤྱོད་རྫོགས་སྒྲར་ཉིད་ཀྱིས་བསན།། ཛི་ཀཱར་བྱས་ཀྱང་སྤགས་མཐོང་། འདུས་མ་བྱས་པ་ཆོས་ཀྱི་དབྱིངས།།
158b2 གསུམ་དབྱིངས་ནས་རང་ཤར་བས།། འཁོར་འདས་གཉིས་ཀྱང་རང་ལ་ཤར།། དེ་ཡི་དང་ཝ་གཡོས་པ་མེད།། རང་ཤར་རང་གྲོལ་ཆོས་ཉིད་ཀྱིས།། མཚན་མ་ཐམས་ཅད་ཟིལ་གྱིས་གནོན།། སེམས་ཉིད་ཀློང་ཆེན་འགྱུར་མེད་དེ།། ནམ་མཁའི་ཀློང
158b3 ལྷུར་ཡོངས་ལ་ཁྱབ།། རོལ་པ་དེས་མེད་ཅིང་ཡང་འཆར།། ཐུགས་རྗེའི་ཆོ་འཕྲུལ་མི་ཟད་གྲོང་།། ཐམས་ཅད་དབྱིངས་ཀྱི་རྐྱེན་དུ་སྣང་།། དབྱིངས་ལས་མ་གཏོགས་ཆོས་མེད་པས།། གཞན་དུ་འགོག་པའི་ཡུལ་དང་བྲལ།། ཚོགས་དྲུག་རང་སར་གྲོལ་བའི
158b4 ཕྱིར།། མཚན་མའི་རྟོག་པ་ཟིལ་གྱིས་གནོན།། སྣང་བརྒྱ་ཡིན་ཡིན་པའི་ཕྱིར།། འདུ་འགྲོ་བྱང་ཆུབ་སེམས་ཀྱི་རྩལ།། ཅི་དེ་ཡང་མ་ཡིན་ཆོས་ཉིད་ལ།། སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར།། ངོ་མཚར་རྨད་བྱུང་བྱ་ཐལ་ཆོས།། འཁོར་འདས་ཐེག
158b5 ཐམས་ཅད་ལ།། ཀུན་ལ་དབང་བསྐུར་བྱ་བྲལ་ཆོས།། བྱར་མེད་གཅིག་གི་རང་སྟོངས་ཀྱིས།། མཐའ་རྣམས་ཐམས་ཅད་ཟིལ་གྱིས་མནན།། དེ་ལ་མཐའ་དང་ཡུལ་གཞན་མེད།། བྱར་མེད་ཀློང་ལས་གར་མ་གཡོས།། མཐའ་རྣམས་ཀུན་བྲལ་ཀུན་ཏུ
158b6 བཟང་།། འཁོར་འདས་དབྱེར་མེད་ཀུན་ཏུ་བཟང་།། ཀུན་བཟང་ཀློང་ན་འཁོར་འདས་མེད།། སྣང་སྟོང་དབྱེར་མེད་ཀུན་ཏུ་བཟང་།། ཀུན་བཟང་དབྱིངས་ལ་སྣང་སྟོང་མེད།། སྐྱེ་ཤི་དབྱེར་མེད་ཀུན་ཏུ་བཟང་།། ཀུན་བཟང་ཀློད་ན་སྐྱེ་ཤི་མེད།། བདེ་སྡུག
158b7 དབྱེར་མེད་ཀུན་ཏུ་བཟང་།། ཀུན་བཟང་ཀློང་ན་བདེ་སྡུག་མེད།། བདག་གཞན་རྟག་ཆད་ལ་སོགས་ཀུན།། དབྱེ་བ་མེད་དེ་ཀུན་ཏུ་བཟང་།། ཀུན་བཟང་ཀློང་ནི་བདག་གཞན་མེད།། སྐྱེ་མེད་ཀློང་ན་རྟག་ཆད་མེད།། མེད་ལས་ཡོད་འཛིན་འཁྲུལ་པར་བརྟགས།།




iiif viewer powered by OpenSeadragon

158a - 159a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo