| | e-texts navigator
|
14b1 བརྒྱད་ཁྲི་བཞི་སྟོང་ཡོད།། དེ་ལས་གྱེས་པས་བསམ་མི་ཁྱབ།། དཔེར་ན་ཁ་ཤོ་བ་ཡི་ལོ་མ་འདྲ།། དཔེར་ན་ཤ་མོའི་སུལ་བཞིན་ནོ།། རླུང་དང་ཐེག་ལེ་ཡང་ནི་དེ་དང་འདྲ།། རྩ་དང་ཐག་དང་དྲོད་དང་རླུང་།། ཤ་དང་ས་རྣམས་བརྟེན་པས་ན།། བརྟེན་པ་རྩ་ཞེས་བརྗོད།
14b2 པ་ཡིན།། དེ་ལ་འབྱུང་བ་བརྟེན་པས་ན།། འབྱུང་བའི་ནད་རྣམས་འཁྲུགས་ནས་ནི།། དེ་ལས་བགེགས་རྟེན་གདོན་དུ་ཆེ།། དེ་ལ་དབུགས་ནི་ནི་ཆད་པས་འཆི།། འབྱུང་བ་ཆ་མ་སྙོམས་པས་འཕེལ་འགྲིབ་འབྱུང་།། དེ་ལས་རྒས་ཤིང་འཁོགས་པ་འབྱུང་བར་འགྱུར།
14b3 ཞེས་གསུངས་སོ།། ལྷ་རྒྱད་རིན་པོ་ཆེ་སྤངས་པ་ལས། ལུས་ཀྱི་མན་ངག་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། གྱི་རྩ་ལུས་ལ་གནས་པ་ནི།། ཁ་ཤོའི་ལོ་མ་འདྲ་སྟེ་སྤེལ་བར་གནས
14b4 དེ་ལ་བཤད་ན་བསམ་མི་ཁྱབ།། ནང་རྩ་རུས་པ་དག་ལ་གནས།། དེ་ནི་གསེར་གྱི་མེ་ཏོག་འདྲ་སྟེ་ཡོན་ཏན་རྒྱས།། གསང་རྩ་སྙིང་ལ་གནས་ཏེ་འཁོར་ལོ་འདྲ།། དེ་འདྲ་སྟོན་ཡོན་འབྱེད་པའི་རྩ།། གདམས་པའི་རྩནི་རྣ་བ་མིག་ལ་གནས།། གནད་ཀྱི་མན་ངག་རབ་ཏུ
14b5 གཅེས།། ཚད་མས་འཇལ་བའི་སྲང་དང་གྲུབ་མཐའ་སྦྱོང་བའི་སྲང་།། ལག་ཕྲད་བྱེད་པའི་སང་དང་གསུམ་དུ་འདུས།། ཚད་མས་འཇལ་བའི་སྲང་ནི་བརྒྱད་པ་ཡིན།། གྲུབ་མཐའ་སྦྱོང་བའི་སྲང་ནི་འབྲས་བུ་ཡིན།། ལག་ཕྲད་བྱེད་པའི་སྲང་ནི་གདམས་པ་ཡིན།། སྣང།
14b6 བ་དབང་དུ་འདུས་པས་རེག་པ་གཅེར་བུར་ཞེན།། རིག་པ་དབང་དུ་འདུས་པས་སངས་རྒྱས་ཡུལ་མེད་མཐོང་།། རང་གྲོལ་དབང་དུ་འདུས་པས་ཚེས་མིན་ཚད་ལས་གྲོལ།། བརྒྱུད་པ་ཚད་དང་མི་ལྡན་ན།། གནད་མེད་ཀྱི་བརྐོ་བ་འདྲ།། གདམས་པ་ཆོད་དང་མི་ལྡན་ན།།
14b7 རྒྱུས་མེད་ཆེན་སྐྱོང་མེད་པ་འདྲ།། བཀའ་རྒྱུད་ཚད་དང་མི་ལྡན་ན།། བེའུ་ཐག་སྤེལ་ནས་ལྷུང་བ་འདྲ།། རྐྱེན་ཆུད་ཚད་དང་མི་ལྡན་ན།། གྲོགས་པོ་སྐམ་པོར་ཉ་བསུག་འདྲ།། སྟན་བཅུད་ཚད་དང་མི་ལྡན་ན།། སྐོང་རུལ་བ་གནོད་པ་འདྲ།། ཐུགས་ཆུད་ཚད་དང
iiif viewer powered by OpenSeadragon
14a - 15a