| | e-texts navigator
|
14a1 ཅུ་གནས་པ།། རྟེན་གྱི་འབྱུང་གནས་ནས་བྱའོ།། རོམ་ཆུང་མ་གཉིས་པོའི་ཁ།། སྠཱུ་ལ་ཟུག་པས་པོ་མརྟེན།། གསང་བར་བྱུག་བས་མོ་ཡིརྟེན།། ཡར་ཡར་བསྣོལ་མར་འབྱུང་བ་ནི།། མ་ནིང་ཤེས་སུ་བཤད་པ་ཡིན།། ཥ
14a2 གང་འགྲེབ་འཕེལ་བ་ནི།། ཁོ་མོ་རྒོད་ཅེས་འགྱུར་བ་ཡིནཱ།། ཁ་གཉིས་ཟུམ་ནས་མ་བྱེད་པས།། མ་ནིང་ཆོམ་པོ་ཆེ་ནས་བརྗོད།། དེ་ལྟར་སྤྱོད་པ་རླུང་ཡིན་ནོ།། པོ་དྲུང་དྲག་ལ་མོ་རྡུང་ངལ།། དལ་བར་ཆུབས་ཟུར་དུ་བྱུང་།། དྲག་པར་སྐབས་གྱེན་དབྱུང་།། 2
14a3 དུམ་བསྟན་དྲུང་དག་ལས།། ཕ་མ་ནད་དང་མནིད་ཆེན་པོ་མ།། དེ་ལྟར་གྲུབ་པར་ཤེས་པར་རྗེའོ།། དེ་ནས་རུས་པའི་གནང་བསྟུན་པ།། མངོ་པའི་རྟེན་དུ་སྨིན་དུས་ཆགས།། དེ་ལས་གྱེས་པས་དཔྲལ་དུས་བྱུང་།། དེ་ལས་མུ་གོང་དུས་པཟུང་།། དེ་ལས་ར་བའི
14a4 ཟ་འགྲམ་བྱུང་།། དེ་ནས་ཡ་ཐོད་མཐོད་བྱུང་།། དེ་གཉིས་འབྲེལ་པས་རུས་སུབ་བྱུང་།། སྙིང་དང་འབྲེལ་པས་སྲོག་རུས་ཆགས། དེ་རྣམས་འཚོགས་པས་སོག་པ་ཆགས།། དེ་རྣམས་ཚིགས་སུ་བཅད་པས་ཚིགས་པ་ཆགས།། རུས་པ་ཐམས་ཅད་ཁྱབ་པས
14a5 རྩིབ་མ་ཆགས།། རུས་པས་ལུས་ཀྱི་སྟོབས་སྐྱེད་བརྡ་རུལ་ཆགས།། དེ་རྣམས་མ་འགགས་བསྟོད་པས་རྐང་ལག་ཡིན།། དེ་ནས་མཇུག་རུས་འཕོང་དུས་ཆགས།། དེ་ནས་གཞུག་གུ་ཆུང་དུ་ཆགས།། དེ་ནི་རུས་པའི་ཆགས་ལུགས་རྫོགས།། ད་ནི་ཤ་ལི
14a6 ཆགས་ལུགས་སྟོན།། སྨི་ནམ་པགས་པའི་ཤ་ཡང་སྦྱིན།། དང་པོ་དེ་ལ་སྨིན་པས་སྨིན་མ་ཡིན།། དེ་བཞིན་རིམ་གྱིས་ཆ་མཉམ་མོ།། དེ་ལ་རྩ་ཡི་མཚན་ཉིད་ཅང་།། རྩ་བ་གཅིག་ཏུ་འདུས་པ་ཡིན།། གཅིག་པོ་རང་འབྱུང་གནས་པའིཿ།། དེ་ལས་ཀྱ
14a7 པའི་ཕོ་རྩ་དང་།། མོ་རྩ་དང་ནི་ཡེ་ཤེས་རྩ།། མ་ནིང་པོ་མོ་ནོད་དང་ནི།། མ་ནིང་ཆེན་པོ་ཆེ་ཡི་རྩ་དང་གསུམ།། དེ་ལས་གྱེས་པས་འཁོར་ལོ་ལྔ།། དེ་ལ་བརྒྱ་དང་རྩ་བཞི་ཡོད།། དེ་ལས་གྱེས་པའི་རྩ་རྣམས་ནི།། སྟོང་ན་བརྒྱད་ཁྲིབཞི་སྟོང་ཡོད།། སྨད་ནས
iiif viewer powered by OpenSeadragon
13b - 14b