| | e-texts navigator
|
13b1 སྐྱོང་ལས་སྐྱེ་དང་།། དྲོད་ལས་སྐྱེས་དང་གཤེར་ལས་སྐྱེས།། རྫུས་ཏེ་སྐྱེ་བ་རྣམ་པ་ལྔ།། མངལ་ནས་སྐྱེ་བ་ཤ་ཁྲག་ལུས།། ཡིད་ལུས་འོད་ལུས་རྫུས་ནས་སྐྱེ།། དྲོད་གཤེར་སྐྱེ་བ་ཤ་ཁྲག་ལུས།། སྐྱེ་བ་འབྱུང་བས་འཆི་བ་འབྱུང་།། དེ་ཡང་ལུས་ཀྱི་ཆགས་ལུགས་ལ།།
13b2 ཕོ་དང་མོ་དང་མ་ནིང་དང་།། ཕོ་མོ་རྒོད་དང་མ་ནིང་ཚན་པོ་ཆེ།། དེ་ཡང་ཇི་ལྟར་ཆགས་ཞེ་ན།། རྟེན་གྱིས་ནད་རི་ཆ་ཡིན་ཏེ།། དེ་ལྟར་རླུང་ན་རླུང་ཡིན་ནོ།། དེ་ལ་རྟེན་གྱི་རྩ་བསྟན་པ།། དང་པོ་གཞི་ལ་ལྷུན་གྱིས་གྲུབ།། ཕྲ་བའི་རྩ་དང་རླུང་དང་ནི།། རགས་པའི་རྩཝ་དང་རླུང་དང
13b3 གསུམ།། དེ་ནས་དངོས་པོའི་རྩར་འཁྲུལ་ཏེ།། དངོས་པོ་ཕ་མའི་ཐེག་ལེ་དཀར་དམར་ཏེ།། རགས་པའི་རྩ་རུ་མཐོང་བ་ལས།། རགས་པ་རྗེར་གྱུར་དངོས་པོར་སྨིན།། ཐིག་ལེ་རྩཝ་ཡི་རྒྱལ་པོ་དེ།། དེ་ལས་སྤུ་ཅོམ་ཅོར་གྱིས་བྱུང་།། རྐྱང་མ་ཞེས་བྱའི་རྩ་རུ་གྲགས།།
13b4 དེ་ནས་ཡང་རིག་ཐང་།། རློམ་ཞེས་བྱ་གཉིས་སུབྱུ་།། དེ་ཡི་དབྱས་ས་གསམ་དུབྱུང་།། དེགས་མ་དུས་པས་སྟེ་དུ་བྱུང་།། ཨ་མདྷདྷ་ནས་ཅང་\ུ0f7f།། དྲི་ནས་སྤྲུལ་གནས་སྐྱེ་བར་ཀྱང་།། མེ་ཕྲོག་པ་ལེ་གསུ་མོག་པར་འབྲེལ་ནས་གནས།། ཞི་བར་ནས
13b5 ཐམས་ཅད་སྐྱེད།། མས་ཟོས་བུ་ཡི་ལྟེ་བར་འཁོར།། དེ་ནས་ལུས་ལ་འཁོར་བས་ན།། ལྟེ་བ་སྤྲུལ་པའི་འཁོར་ལོ་ཡིན།། དེ་ནས་བུར་དུ་བྱུང་བ་ལ།། མ་ཡིས་ཟོས་པ་བུ་ལ་ཐིམ།། བུ་ཡིས་ཟོས་པ་གསང་སྒོར་འཁོར།། གསང་བའི་འཁོར་ལོ་ཞེས་ཀྱང་བརྗོད།།
13b6 སྙིང་གར་ཕ་ཡི་ཐིག་ལེའི་རྩལ།། དམར་མོ་མ་ཡེ་ཤེས་རབ་རྩལ།། མཐིང་ཀ་རིག་པ་སེམས་ཀྱི་རྩལ།། དེ་ཡིས་ཐམས་ཅད་ཚང་བས་ན།། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ།། སྙིང་ལ་ཆོས་ཉིད་རྩ་ཡིས་བསྐོར།། ཞི་བ་ལ་སོགས་ཆོས་སྐུའི་རྟེན།། ཆོས་ཀྱི་འཁོར་ལོ
13b7 ཞེས་ཀྱང་བརྗོད།། འགྱུ་བ་མཛོད་སྤུར་འཁྱིལ་པའི་ལམ།། མགྲིན་པའི་རྩ་ལ་ལོངས་སྤྱོད་བྱེད།། ལོངས་སྤྱོད་འཁོར་ལོ་ཞེས་ཀྱང་བྱ།། གསང་བའི་རྩལ་ཐམས་ཅད་འདུས།། བདེ་བ་གསལ་བ་མི་རྟོག་པས།། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ།། མཛོད་སྲུར་ཡེ་ཤེས
iiif viewer powered by OpenSeadragon
13a - 14a