| | e-texts navigator
|
13a1 པ་ལྔ།། རང་རྐྱེན་མཐུན་པའི་ཐོགས་སུ་འཆར།། ཆོས་ཉིད་དང་སྣང་དོན་གྱི་མེ་ལོང་ཡིན།། མཐུན་རྐྱེན་རང་སྣང་ངོ་སྲོད་བླ་མའི་གདམས་པར་འཆར།། དེ་ནི་རང་སྣང་རྐྱེན་དུ་འཆར་ཞེས་བྱ།། འགལ་རྐྱེན་པོད་དེ་ལ་ཆགས་སྡང་སྐྱེ།། དེ་ཡི་འབྲས་བུ
13a2 གཞན་རྐྱེན་འགྲོ་དྲུག་འཁྲུལ།། འཁོར་བ་རྣམ་བཞིར་འཁྱམས་པ་འགལ་རྐྱེན་ཡིན།། རྒྱ་ལྟར་འཁོར་བ་མ་རིག་དུག་ལྔ་ཡིན།། ནག་པོ་ལྟར་འཁོར་ལས་ཀྱི་རྣམ་སྨིན་ཡིན། དཀར་པོ་ལྟར་འཁོར་ལས་ཀྱི་འབྲས་བུ་ཡིན།། འབྲས་བུ་ལྟར་འཁོར་གྲགས་ཆེན
13a3 སངས་རྒྱས་ཡིན།། འཁོར་བ་རྣམ་བཞི་སྲོག་གཅོད་སྣང་ཆེན་སངས་རྒྱས་ཡིན།། སྣང་བ་གཞན་དབང་མ་གྱུར་དབང་བསྐུར་རྒྱལ་པོ་ཡིན།། ཞེས་གསུངས་སོ།། དེ་ནས་ཡང་བཀའ་སྩལ་པ། འཁོར་བ་རྣམ་བཞིའི་འབྲས་བུ་བསྟན་པ་ནི།། རྒྱུ་ལྟར་འཁོར་བ་དང་།།
13a4 པའི་ལས་དང་ནི།། རྒྱུ་དང་རྒྱན་གྱི་འགྲོ་བདྲུག་ཟླ་མི།། ལས་དང་འགྲོ་དང་བཐུན་པའི་འབྲས་པན།། ལས་ནི་ག་དང་མེ་གྲ་ལུང་མ་བྱསྟན་ཚུམས།། དག་པ་ལས་ལ་མཚན་བཅས་མཚན་མེདང་།། མཚན་པ་སུནམ་པ་ཅྡོཾས་སྦེད་ཏེ།། ག་ས་དུགཔ
13a5 བཅུ་པོ་དང་།། སྔགས་དང་ཡི་དམ་བསྒོམ་པ་ཟླས་བྱ།། དེ་ནི་ལས་ཀྱི་རྣམ་གྲངས་ཡིན།། བསྡུ་བ་དགེ་དང་མི་དགེ་གཉིས་སུ་འདུས།། དེ་ཡང་ཆོས་དང་སྐྲོད་པ་ཡིན་པར་བཤད།། ལས་མེད་ལུས་མི་ལེན་པས་འཕྲོ་མེད་པ།། དེ་ནི་ཐིག་ལེ་ཆོས་མིན་ཡིན།། འོད་ལུས་ཡིད་ལུས
13a6 ཤ་ཁྲག་ལུས་དང་གསུམ།། འཁོར་བའི་ལུས་ལ་བསམ་མི་ཁྱབ།། བསྡུས་པས་ལུས་གསུམ་དག་པར་འདུས་པ་ཡིན།། ལས་ནི་དེ་ལྟ་འགྲོ་ནི་བར་དོར་མཐུང་།། མཐོང་བའི་འབྲས་བུ་གནས་སྐབས་རང་སོར་སྦྱར།། ཞེས་གསུངས་སོ།། ལྷ་རྒྱང་རིན་པོ་ཆེ་སྲུངས་པ
13a7 ལས། བར་དོ་བསྟན་པའི་ལེའུ་སྟེཉེར་བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག། མཾ་ལུས་ཆགས་ལུགས་བསྟན་པ་ནི།། བྱེ་བ་ནས་ཕན་པ་དང་།། འཆི་བ་དང་ནི་རྣམ་པ་བཞི།། སྐྱེ་བ་རྣམ་པ་ལྔ་ཡིན་ཏེ།། མངལ་དང
iiif viewer powered by OpenSeadragon
12b - 13b