e-texts navigator
Collection
Volume
Page
Wylie

12b1 རླུང་ལ་རྒྱལ་པོའི་གདོན།། མཐིང་ནག་ནམ་མཁའི་རླུད་ལ་བདུད་ཀྱི་གདོན།། དམར་ནག་མེ་ཡི་རླུང་ལ་བཙོན་ཁམས་གདོན།། སེར་ནགས་ཡེ་རླུང་ལ་དམུ་ཚོགས་གདོན།། ལྗང་ནག་རླུང་གི་རླུང་ལ་སྣ་ཚོགས་འདྲེ་ཀུན་གདོན། རྐང་མཐིལ་དུ་དཀར་དྲོད་སྟོར་ན།། དམྱལ
12b2 བར་འགྲོ་བའི་སྔ་ལྟས་ཡིན།། གསང་བར་བྲེད་དམར་དྲོད་སྟོར་ན།། ཡི་དྭགས་འགྲོ་བའི་སྔ་ལྟས་ཡིན།། ལྟེ་བར་བུ་མཐིང་དྲོད་སྐོར་ན།། བྱོལ་སོང་འགྲོ་བའི་སྔ་ལྟས་ཡིན།། སྙིང་གར་ནི་སེར་དྲོད་སྐོར་ན།། མི་རུ་འགྲོ་བའི་སྔ་ལྟས་ཡིན།། རེག་མེ་ན། མགྲིན་པར་ས
12b3 ལྗང་དྲོད་སྟོར་ན།། ལྷ་མ་ཡིན་དུ་སྐྱེ་བའི་སྔ་ལྟས་ཡིན།། སྤྱི་བོར་ཨ་ལྗང་དྲོད་སྟོར་ནས།། ལྷ་རུ་སྐྱེ་བའི་སྔ་ལྟས་ཡིན།། དེ་ཡང་དམྱལ་བ་ལ་སོགས་སྡང་བ་བསྒྱུར།། མི་ལུས་ཐོབ་པའི་སྣང་བ་ཐམས་ཅད་བཤད།། དབང་པོ་ཆུ་ལྟར་འཁོད་པར་བྱེད།། རླུང་ནི་ལྔ
12b4 གསུམ་བཅོ་ལྔ་བརྟགས།། ཐིག་ལེ་མིག་གི་བ་ཟག་ཡ་ལ། དཀར་ཡིན་ནས། བླ་རྩ་སྟོང་ན་འཆེ་བར་བཤད།། གནམ་གྱིས་རེ་ཐག་ཆད་པ་དང་།། ཆོས་ཀྱི་དབྱིངས་ཀྱི་རྔ་སྒྲ་ཚང།། ཤེས་རབ་སྤྱན་གྱིས་ཤེས་པར་འགྱུར།། ཡེ་ཤེས་སྤྱན་གྱི་ཐིག་མ་ནུབ།། རྟ་མཆོག་སྔོན་པོའི་གྲཝ
12b5 ཕུར་ལྷོར།། ཏི་ཚེ་གངས་ཀྱི་རླངས་པ་ཡལ།། གློག་ལུམ་དམར་མོའི་སྦྲང་རྩི་ཡལ།། རྒྱ་མཆོད་ཆུ་བྲན་ཐམས་ཅད་འདུས།། དབུས་ཀྱི་ཀ་པ་བ་ཅན་ཆེན་འཆུས།། ཁོལ་པོ་བཞི་པོ་ཀ་བཞིན་རེངས།། དཔག་བསམ་ཤིང་གི་མེ་ཏོག་ཡལ།། ཞེས་གསུངས་སོ།། གྷ་རྨྱད་རི
12b6 པོ་ཆེ་སྤངས་པ་ལས། འཆི་བ་འཆི་ལྟས་འཆི་རྩིས་དང་རྟགས་ཀྱི་ལེའུ་སྟེ་ཉེར་གསུམ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། འཆི་གའི་གདམས་པ་བསྟན་པ་ནི།། མཐུན་པའི་དཔེ་དང་འགལ་བའི་རྐྱེན།། རྐྱེན་གཉིས
12b7 དག་གིས་འཆི་བ་ཡིན།། མཐུན་རྩེན་འདུ་དུས་འཆར་བའི་དུས།། གྲོལ་བའི་དུས་དང་རྣམ་པ་བཞི།། དབང་པོ་རབ་འབྲིང་ཐ་མ་གསུམ།། བར་དོ་ཡོད་དང་བར་དོ་མེད།། རྒྱལ་ཐབས་སྤྱི་ཐུག་ཚུལ་དུ་བསྟན།། བར་དེ་ཡོད་དང་འབྲིང་དང་ཐ་མ་གསུམ།། ཆོས་ཉིད་བར་དོ་འཁྲུལ




iiif viewer powered by OpenSeadragon

12a - 13a

Texts on this page

Gdg005.1 - lha rgyud rin po che spungs pa