| | e-texts navigator
|
12a1 དབང་པོ་ཡིན།། ཤེས་རབ་རིག་པའི་དེ་སྤྲོད་བསྟན།། འཁོར་འདས་དྲུག་ཅད་དབང་པ་མེད།། ཡེ་ཤེས་དངོས་འཛིན་དབང་པོ་ནི།། ཡེ་ཤེས་སྟན་གྱིས་བྱེད་པ་ཡིན།། སྤྱན་གསུམ་དབང་བ་སྤྱད་བྱེད་པ་པ།། གནས་ཚལ་བཞུགས་གྲོལ་རྟོགས་ཚུལ
12a2 དང་།། བསྐུར་ཚུལ་འཆར་ཚུལ་གྲོལ་ཚུལ་གྱིས།། སྤྱན་གྱི་དབང་བསྐུར་ཐོབ་པ་ཡིན།། དྲུག་གསུམ་བཅོ་བརྒྱད་དག་གིས་མེག་ཀྱེ་ནས།། ཆོས་དང་ཤེས་རབ་སུན་གྱི་དབང་།། རང་དབང་རང་གིས་ཐོབ་པས་རྒྱལ་པོ་ཡིན།། ཡེ་ཤེས་གསལ་འགྲིབ་མེད་པ་དེ།། ཟབ་དང
12a3 འགགས་མེད་འགག་པ་མེད།། ཡེ་ཤེས་དབང་གི་བསྐུར་ཐབས་ཡིན།། ཤེས་རབ་ཐོགས་པ་མེད་པ་དེ།། མྱུར་དང་དྲག་དང་སྐད་ཅིག་ལ།། བཟུང་སྟེ་དབབ་དང་ཕྱིར་ལྡོག་པ།། ཤེས་རབ་དབང་གི་བསྲུང་ཐབས་ཡིན།། ཆོས་ཉིད་རང་གྲོལ་མྱུར་བ་དེ།། མྱང་དང
12a4 གསལ་དེ་སྐད་ཅིག་ལ།། ཆོས་ཀྱི་དབང་གི་བསྐུར་ཐབས་ཡིན།། ཡེ་ཤེས་སྤྱན་གྱི་གནས་ཚུལ་དམིགས།། བཞུགས་ཚུལ་ཟང་ཐལ།། རབ་དང་འབྲིང་དང་ཐ་མ་གསུམ།། སྡང་བ་རྒྱ་ཡན་རིག་པ་རང་གྲོལ་དང་།། ཆོས་ཉིད་འོད་གསལ་ཆེན་པོ་གསུམ།། དབྱེ་དུས་བྱེད
12a5 དུས་བྱེད་པའི་ཚད།། མ་བྱེད་སྐྱོན་ཡོན་འབྲས་བུ་རྣམས།། གདེང་ལྡན་བླ་མ་སློབ་མ་ཡིན།། འདི་འདྲ་རྒྱ་མཚོའི་ཕ་བོང་བཞིན།། བསྐལ་པ་འཁྲུགས་ཀྱང་ཁར་འབྱུང་མིན།། རུས་སྦལ་སྲེ་བར་ནོར་བ་ཆུང་པ་བཞིན་དུ་སྡོམས།། ཞེས་གསུངས་སོ།། ལྷ་རྒྱུད་རིན
12a6 པོ་ཆེ་སྤུངས་པ་ལས། དམར་ཁྲིད་དམར་བྱང་དང་། དོན་སྐོར་སངས་རྒྱས་རྡོ་སྤྲོད་ཀྱི་ལེའུ་སྟེ་ཉེར་གཉིས་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། འཆི་བ་འཆི་ལྟས་འཆི་རྩིས་སུ།། རླུང་དང་ཐིག་ལེ་རྩ་དང
12a7 གསུམ།། ནད་དང་གདོན་དང་རྣམ་སྨིན་གསུམ།། འབྱུང་བ་འཁྲུགས་པའི་ནད་ཡིན་ཏེ།། དཀར་ན་གྲང་བ་ཆུ་ཡི་དུག། དམར་ན་ཚྭ་བ་མ་ཡི་དུག། མཐིང་ན་བད་ཀན་ནམ་མཁའི་དུག། སེར་ན་མཁྲིས་པ་ས་ཡི་དུག། ལྗང་ནག་འདུ་བ་རླུང་གི་དུག། དཀར་ན་ནུ་ཡེ
iiif viewer powered by OpenSeadragon
11b - 12b