| | e-texts navigator
|
11b1 འགྲོ་དྲུག་གཡངས་དབང་དུ་འདུས།། རི་རབ་རྩེ་མོར་ཕྱིན་པ་འདྲ།། ལྔ་གསུམ་བཅོ་ལྔས་མིག་འབྱེད་པ།། དབང་པོའི་རིམ་པས་ཤེས་པར་བྱ།། ཕྱི་འགྱུ་འགྲོ་དྲུག་རང་སྣང་ཡིན།། ནང་འགྱུ་ལྷ་ཡི་རྣལ་འབྱོར་ཡིན།། གསང་གུ་ཟག་གི་སྡང་ཇོག་གར།། དང
11b2 གཞི་གཉིས་པོ་མ་ཤེས་ན།། ལོང་བས་ལོང་བ་ཁྲིད་པ་འདྲ།། འཁྲུལ་གཞི་འཁྲུལ་པ་དངོས་པོ་གསུམ།། དེ་ཡི་ས་མཚམས་མ་ཤེས་ན།། རྒྱལ་བུ་རྐང་ནས་འཁྱམས་པ་འདྲ།། འཁོར་བ་འཁྲུལ་པ་ལྡོག་པ་གསུམ།། དེ་ཡི་གདམས་པ་མ་ཤེས་ན།། དམུས་ལོང
11b3 བྱང་ཐད་ལུས་པ་འདྲ།། གཞི་དང་ཚིག་དང་དཔེ་ཐོག་ཤོར།། དེ་གསུམ་ངོ་ཡིས་མ་ཟིན་ན།། རྡོ་བོས་མ་འཆུ་ཁོལ་པོ་འདྲ།། སྣང་རྒྱ་རིག་རྒྱ་གདམས་པའི་རྒྱ།། རྒྱ་གསུམ་རང་ཤར་མ་ཤེས་ན།། ཁྱི་མོ་ནད་ཟན་བྱེད་པ་འདྲ།། ད་ལྟ་འཆི་ཀ་བར་དོ་གསུམ།། གདམས
11b4 པའི་རྩེ་ཡིས་མ་ཐེབས་ན།། ཤིང་གི་རང་ཐག་བསྐོར་བ་འདྲ།། གོ་བ་རྟོགས་པ་ཆོད་པ་གསུམ།། དེ་གསུམ་ཚད་དུ་མ་སྩོལ་ན།། མ་འཛད་མེད་པར་གསེར་ཉོ་འདྲ།། བརྒྱད་པ་གདམས་པ་ཉམས་དང་གསུམ།། དེ་གསུམ་མེད་པར་སློབ་མ་བསྟན།། ཆུ་ཤིང་སྙིང་པོ་བཏོན
11b5 པ་འདྲ།། དབང་དང་ལག་ལེན་ཉམས་མྱོང་གསུམ།། དེ་གསུམ་མེད་པར་དབང་བསྐུར་བ།། ནོར་བུས་རྒྱལ་ས་བཟུང་བ་འདྲ།། ཞེས་གསུངས་སོ།། ལྷ་ཆུད་རིན་པོ་ཆེ་སྲུངས་པ་ལས། ངོ་སྤྲོད་གནད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། ། དེ་ནས་ཡང
11b6 བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ངོ་སྤྲོད་བཞི་དང་དུས་བཞི་མཉམ་སྦྱོར་དང་།། སེམས་དང་ཡེ་ཤེས་དབྱེ་བ་དང་།། རིག་པའི་ཡེ་ཤེས་ངོ་སྤྲད་པ།། འབྲིང་གི་གདམས་པ་ཡིན་པར་བཤད།། གསང་ལམ་བཞི་ཡི་ངོ་སྤོད་དང་།། འོད
11b7 གསལ་འཁོར་ལོའི་གཟེར་གདབ་པ།། སྣང་བ་འོད་གསལ་འཁོར་ལོ་བསྐོར།། གནད་དང་ལོག་གནོན་ཤེས་པར་བྱ།། ཚོགས་དྲུག་འོད་གསལ་འཁོར་ལོ་བསྐོར།། ཚོགས་དྲུག་རང་གྲོལ་དབང་པོ་ཡིན།། འགྱུ་བ་འོད་གསལ་འཁོར་ལོ་བསྐོར།། གཟུང་འཛིན་དངས་པ
iiif viewer powered by OpenSeadragon
11a - 12a