e-texts navigator
Collection
Volume
Page
Wylie

114b1 ད་ཞིན་ཉིད་འདིལ།། ཆོས་རྣམས་མལུས་འབྱུང་བ་བྱོར།། ལ་བར་འདུས་ཅན་ཅི་གནམ་ཡིན།། དེ་ཡང་བྱིངས་ཀྱི་ང་བཞིན་ཉིད།། རང་བཞིན་ད་ལྟར་བར་བས་ན།། རྣམསའ་འདོད་དུབྱ་བར་བགྱུར།། གཞི་ཤར་དང་གྲོལ་དོན་ཀྱི་གཏེད།།
114b2 རང་བཞིན་གནས་པ་དགོངས་པའི་གློང་།། དོན་དང་ལྡན་པ་རྟོག་པའི་བློ།། དྲང་པོར་འདུག་པས་མ་ནོར་ལམ།། བཅོས་སུ་མེད་པས་རང་ལུགས་གནས།། ལུས་ཀྱི་སྤྱོད་པ་ཅི་བྱས་ཀྱང་།། ལུས་ལ་མངོན་པར་ཞེན་པ་མེད།། ངཀ་དང་ཡིད་ཀྱི་སྤྱོད་ལམ་གུན།།
114b3 གར་བདེ་རྒྱ་ཡན་ཡིན་པས་ན།། མངོན་ཞེན་མེད་དེ་ཅི་བདེར་གནས།། མཁའ་ལ་བཅོས་སུ་མེད་པ་བཞིན།། ལུས་ཀྱང་མེད་ལ་འཆོས་མཁན་མེད།། ལུས་ངག་ཡིད་ཀྱི་སྤྱོད་ཡུལ་ཀུན།། སྒྱུ་མ་བཞིན་དུ་རང་བཞིན་མེད།། ལྷས་སེམས་མ་སྐྱེས་གཞི་མེད
114b4 པ།། གཟུང་དང་འཛིན་པ་གདོང་ནས་མེད།། ཆེ་ཆུང་མི་འབྱེད་ག། དྲོས་པ་མེད།། རྟོད་འཛིན་ཕུང་བ་ཡེནས་མེད།། མཚན་མ་མེད་པའི་ནམ་མཁའ་ལ།། དམིགས་སུ་ཡོད་མེད་རྩོལ་བའི་ནད།། སེམས་ཉིད་ནམ་མཁའ་ལྟེ་པུ་ལ།། ནམ་མཁའ་ལྟ་བུའི་བློ་བཞག་ན།། རང་བཞིན
114b5 དབྱིངས་སུ་གཅིག་པའི་ཕྱིར།། ལུས་ངག་སེམས་ཀྱི་འཛིན་པ་དག། འདི་ལ་བྱ་བ་མེད་པའི་ཕྱིར།། གང་ལྟར་ཤར་ཀྱང་དམིགས་གཏད་མེད།། དེ་ལ་གནས་སུ་མེད་པའི་ཕྱིར།། ཇི་ལྟར་འདུག་ཀྱང་གཞན་མི་རྟོག། མི་རྟོག་པར་ཡང་བསམ་མི་བྱ།། ཕ་བཞིན
114b6 གནས་པའི་དགོངས་པའི་ཀློང་།། བསམ་དུ་མེད་པའི་དབྱིངས་ཉིད་ལ།། བསམ་གྱིས་མི་ཁྱབ་ཡོན་ཏན་འབྱུང་།། ཟོས་རྣམས་མ་ལུས་བསམ་པའི་ཁྱད།། རང་རིག་སྨྲ་བསམ་ཀུན་ལས་འདས།། མི་རྟོག་པའང་དེ་དོན་མིན།། དེ་ལས་གཞན་ན
114b7 ཡོད་མ་ཡིན།། བསམ་དུ་མེད་པའི་ཆོས་ཀྱི་དབྱིངས།། གཉེན་པོས་བཅས་སུ་རྡུལ་ཙམ་མེད།། དེ་དག་ཐམས་ཅད་ཅིང་ཤར་ཀྱང་།། རང་བཞིན་གཞི་ཤར་ཡིན་པས་ན།། དེ་ལ་འཆོས་པར་མ་བྱེད་ཅིག། མི་མཐུན་གཉེན་པོ་རྟོག་པའི་བློ།།




iiif viewer powered by OpenSeadragon

114a - 115a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo