e-texts navigator
Collection
Volume
Page
Wylie

114a1 ཉིད་ཀྱི་ཀློང་དུ་གཅིག། མཚན་ཉིད་མེད་པར་དབྱིངས་སུ་ཐིམ།། འདི་ལ་གང་ཡང་དམིགས་པ་མེད།། སྙིང་པོ་མཆོག་གི་རང་བཞིན་ལ།། མ་བཅོས་ཆོས་ཀྱི་སྐུ་རུ་གྲགས།། ཞེས་གསུངས་སོ།། གློང་ཆེན་རབ་འབྱམས
114a2 རྒྱལ་པོའི་རྒྱུད་ལས། འབྱུང་འཇུག་མེད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འཇིག་རྟེན་འདས་དང་འཇིག་རྟེན་དུ་དད་པའི།། རྣམ་གྲངས་མིང་དུ་བཏགས་པ་ཀུན།། རང་བཞིན་གཅིག་ཏུ
114a3 མ་ཤེས་པས།། གྲངས་སུ་བརྗོད་པས་དོན་ལྔས་ཉམས།། མིང་དུ་བཏགས་པས་རྣམ་རྟོག་གྱེས།། ཡུལ་དུ་བཟུང་བྱས་ཞེན་བློ་བྱུང་།། ཞེན་པའི་འབྲས་བུ་བརྟས་པ་ལས།། ཕུང་པོ་ཁམས་སྐྱེ་མཆེད་དང་།། ཡུལ་དང་དུས་དང་ཕྱོགས་དང་ནི།། ཁ་དོག
114a4 དབྱིབས་ལ་སོགས་པར་སྣང་།། མཉམ་པའི་དབྱིངས་ལ་གང་ཡང་མེད།། རྟོག་པ་ཕྲ་རགས་བྱུད་པར་ལས།། ཐེག་པའི་གྲངས་སུ་བརྗོད་པ་ཡང་།། མཉམ་ཉིད་མི་རྟོག་སྐྱོན་དུ་འགྱུར།། ཆོས་ཀྱི་རང་བཞིན་གཉིས་མེད་ལ།། འདི་ཞེས་བརྗོད་པ་འཁྲུལ་པའི་བློ།། འདུལ
114a5 བ་མདོ་སྡེ་མངོན་པ་དང་།། སྡེ་སྣོད་གསུམ་དུ་བཏགས་པ་ཡང་།། མིང་ཙམ་དོན་ལ་མེད་པའི་ཕྱིར།། སྟོན་པས་ཆོས་སུ་བཏགས་པར་ཟད།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ།། ཚིག་གི་སྤྱོད་ཡུལ་མ་ཡིན་པས།། འཁྲུལ་བ་རྣམས་ཀྱིས་ཤེས་མི་ནུས།། འདས
114a6 དང་མ་འདིས་སངས་རྒྱས་དང་།། སླད་ཀྱིས་འབྱོན་པའི་རྒྱལ་བ་རྣམས།། ཀུན་བཟང་རྡོ་རྗེ་ལྷ་ཡི་ལྷ།། དབྱེར་མེད་གཅིག་ཏུ་གནས་པའི་ཕྱིར།། རང་བཞིན་དོན་ལས་གཡོས་པ་མེད།། སྣ་ཚོགས་ཆོས་སུ་སྲུང་བ་ཀུན།། གཅིག་ལས་གྲངས་སུ་ཕྱེ་བས་ན།།
114a7 མ་ཅ་བྱེ་བྲག་མེད།། གཅིག་ཤེས་ཀུན་ཀྱང་ཤེས་པ་ཡིན།། གཅིག་རྟོགས་ཀུན་ཀྱང་དུས་གཅིག་རྟོགས།། ཀུན་ཀྱང་དབྱེར་མེད་ནམ་མཁའི་ངང་།། བདག་འཛིན་ཀུན་དང་བྲལ་བའི་ཕྱིར།། རྟོག་དང་རྟག་པ་ཡོངས་མི་དམིགས།། དངོས་མེ




iiif viewer powered by OpenSeadragon

113b - 114b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo