e-texts navigator
Collection
Volume
Page
Wylie

113b1 དང་རང་མད་དེ་བཞིན་ཉིད།། སངས་རྒྱས་ཞིང་ཁམས་མཐའ་ཡས་ཀྱང་།། བཀ་ངཔ་ཆེན་པོ་དང་ག་ཅན།། ཕྱོགས་བཅུ་དུས་པཞི་དུས་གསུམ་སྣང་།། མི་འབྱོད་མཉམ་པ་ཉིད་སྤྱོད།། རྒྱུ་དང་འབྲས་བུ་དབྱེད་མེད་པས།། གགས་མང་ལས།
113b2 སྣ་ཚོགས་འབྱུང་།། ཇི་ལྟར་སྣང་བ་བྱང་ཆུབ་སེམས།། ལོག་རྟོག་འཁྲུལ་པས་བསྐྱེད་པས་ན།། རྒྱུ་དང་འབྲས་བུར་རྣམ་པར་བརྟགས།། དེ་ཡི་དོན་ལ་མི་གནས་པའི།། འཇུག་ལོག་མེད་པའི་ཆོས་ཉིད་ལ།། འཁྲུལ་འཁོར་མེད་ཅིང་མ་རིག་མེད།།
113b3 རྟག་པར་ཡང་དག་བྱང་ཆུབ་ལམ།། ཉོན་མོངས་རང་སར་དག་པའི་ཕྱིར།། ཞི་བ་ཆེན་པོ་མཉམ་ཉིད་སྐུ།། སྟོབས་དང་ལྡན་པ་དགོངས་པའི་མཆོག། རྒྱུད་ལྔར་སྣང་བའི་སེམས་ཅན་ཀྱང་།། ཉིད་ལས་སྡུང་བའི་སྤྲུལ་པ་སྟེ། ཁྲི་མུན་གནས་ཀྱང་སངས
113b4 རྒྱས་ཞིང་།། སྲུང་བགྲོད་རྩོལ་བས་ག་ལ་རྙེད།། རྟོག་དང་མི་རྟོག་གཉིས་ཀ་ཡང་།། གཅིག་སྤངས་གཅིག་ལ་གནས་སུ་མེད།། གཉིས་མེད་ཡང་དག་བདེ་ཆེན་ལམ།། མཚན་བཅས་མཚན་མེད་བསྒོམ་པ་དང་།། ཞི་གནས་ལྷག་མཐོང་གཉིས་སྟོར
113b5 པ།། འདི་མིན་གང་ཡང་མེད་པའི་ཕྱིར།། ཏིང་འཛིན་ཀུན་གྱི་རྒྱལ་པོ་མཆོག། རྡོ་རྗེའི་ཐེག་པ་བླ་ན་མེད།། གང་ལ་སྤྱད་ཅིང་ཙ་ལ་བསྒོམ།། བར་སྣང་ཁམས་སུ་བཟོ་བྱེད་འདྲ།། དེ་ཕྱིར་འདི་ལས་འདའ་བ་མེད།། ཆོས་ལ་ཆོས་ཀྱིས་ཇི་ལྟར་བསྒོམ
113b6 པ་དང་།། ཉིད་ལ་ཉིད་ཀྱིས་ཇི་ལྟར་སྤྱོད།། རང་བཞིན་ཇི་ལྟར་གནས་པའི་དོན།། དེ་ལྟར་གནས་པ་དགོངས་པའི་ཀློང་།། མི་དམིགས་བྱང་ཆུབ་སེམས་འདི་ལ།། བཙལ་དུ་མེད་པ་སྤྱོད་པའི་ཀློང་།། དེ་ལས་སེམས་ཅན་སངས་རྒྱས་དང་།། ཆོས
113b7 ངང་དགེ་འདུན་བྱ་བྲག་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་།། ཁམས་གསུམ་སྲིད་གསུམ་མ་ལུས་པ།། འཛིན་པའི་ཤེས་པས་བརྟགས་གྱུར་པའི།། གཉིས་སྣང་ཐམས་ཅད་ཀྱི་བྲག་མེད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་།། དེ་བཞིན།




iiif viewer powered by OpenSeadragon

113a - 114a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo