e-texts navigator
Collection
Volume
Page
Wylie

111b1 སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གསང་བ་ནམ་མཁའི་རྒྱན་ཞེས་བྱང་། ལག་ན་རྡོ་རྗེ་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་པའོ།། དེ་ལ་ཞུབ་པོ་དགའ་རབ་རྡོ་རྗེས་ཞུས་ཏེ། སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བསྡུས་ནས། རིན་པོ་ཆེའི་ཟ་མ་ཏོག་ཚོན་གང་གི་ནང
111b2 དུ་སྦས་ནས། མགུལ་ཁུག་དུ་བཅུག་ནས། ཉིད་ཀྱི་ཐུགས་དམ་རྩེ་གཅིག་པར་མཛད་དོ། རྒྱུད་ལུད་མན་ངག་གྲངས་མང་ཡང་།། བསྟན་པའི་སྙིང་པོ་ཡི་གེ་ལ།། ཐུགས་ཀྱི་གཏེར་དུ་བཅངས་པ་ཡིན།། གཅིག་ལས་གཉིས་སུ་མ་སྤེལ་ཅིག།
111b3 ཅེས་བཀས་བསྡིགས་སོ་ན་ར་ཀ་ན།། འཇམ་དཔལ་རྡོ་རྗེ་ཡེ་ཤེས་ངས།། ཤྲཱི་སི་དྷ་ཁྱོད་ལ་གཏད།། ཕྱག་རྒྱ་བརྡའ་ཡི་དབྱིངས་སུ་སྦས།། རྡོ་རྗེ་འཆང་གིས་རྒྱ་ཡིས་བཏབ།། མཁའ་འགྲོ་ལྔ་ཡིས་མདུད་པ་བཀྲོལ།། འཇམ་དཔལ་རྡོ་རྗེ་ཆོས་ཀྱི་མགུལ་ཁྲག
111b4 ད་མྱེན་དགེ་སུས་ལ་བཅངས།། ཡིད་ལདུན་རྒྱུནན་ས་ས་སྟ།། ཆུ་ཧྲཱི~ཾ་བ~ཾ་བ་བཞིན།། སྱཱད་པ་ལ་ལྤགས་ཅང་ཁང་མི་བྱུང་། ཐབཙ་མེད་པགས་བཛིན་པ་ཅིད་དྲུག་གི་སྟོན་པ། སེད་འགྱུར་བཞི་བ་རྫོམ
111b5 སོ།། གྲུ་གུ་སྨོན་ལམ་སེང་གེ་ནས་བརྒྱུད་པ། ཇོ་སྲས་སྦས་ཀྱི་ཐུགས་དམ་མོ།། ཁོང་ལ་མགོ་བན་ནོར་བུས་ཞུས་སོ།། བར་འདིར་གྱི་ཟད་ལྟ་བཟོད་ཆེན་མངས་པ་ལེ་ཝ་རྫ་བརྒྱན་གསུམ་པ་མབྱུང་།། ། རྒྱ་གར་སྐད་དུ། མཱ་ཧཱ་ཨཱ་བ་དྷ་པྲ་སཱར་ཎི་རཱ་ཛ་ཏརྡྷ་ནཱ་མ། བོད་སྐད་དུ།
111b6 ཀློང་ཆེན་རབ་འབྱམས་ཀྱལ་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་ཉིད་ཀྱིས་བདག་ཉིད་ལ་ཐོས་པའི་དུས་གཅིག་ན། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང
111b7 ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་དབྱེར་མེད་དེ། ཐིག་ལེ་གཅིག་ལས་མ་གཡོས་པའི་བདག་ཉིད་དུ་བཞུགས་པ་ལས། ཐམས་ཅད་མཉམ་པ་ཉིད་ཀྱི་ཀློང་དུ་གཅིག་ཀྱང་དེའི་དོན་མངོན་དུ་གྱུར་པར་གཏན་ལ་དབབ་པར་བྱ་བའི་ཕྱིར། འོག་མིན་གྱི




iiif viewer powered by OpenSeadragon

111a - 112a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo