e-texts navigator
Collection
Volume
Page
Wylie

110b1 ཝཨཱ་རྱའི་ལུང་བསྟན་པའོ།། བཛྲ་ཨ་ཏཱི་ཛྙཱ་ན་མརྡྷ། རྡོ་རྗེ་འཛིན་པ་ལ་ན་མོ།། གསང་བའི་མགོན་པོ་བླ་ན་མེད། ཡེ་ཤེས་དབྱིངས་ནས་རང་བྱུང་བའི།། ཐོག་དང་འདྲ་བའི་མན་ངག་འདི།། བྷ་ཁྭ་གཟན་ལ་བརྣམ་པ་བཞིན།། ཐེ་ཚོམ་མེད་པར་རིང
110b2 ལ་ཆོངས། བཛྲ་པཱ་ཎི་མཱ་རི་འབར་བའི་དུར་ཁྲོད་ན། མཁའ་འགྲོ་མ་རྡོ་རྗེའི་མཆུ་ཅན་ཉེས་བྱ་བ་ཡོད་ཀྱིས། དེར་སོང་ལ་ཤིང་འཛམ་བུ་བྲིཀྵའི་དྲུང་ན། གསེར་གྱི་རུས་སྦལ་གྱི་འོག་ན་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཐོག་ལྟ་བུའི་མན་ངག་ཡོད་ཀྱིས། དེར
110b3 མཁའ་འགྲོ་མ་ལ་རིག་པའི་མེ་ཏོག་ཕུལ་ལ་ཞུས་ཤིག། ལག་ན་རྡོ་རྗེ་ནུབ་ཕྱོགས་ཀྱི་ཞིང་ཁམས་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། དེར་ཁྱོད་སེང་གེའི་འགྲོས་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས
110b4 ག་། ས་སག་མ་དས་ཅཝ་གས་ཀྱི།
110b5 ན། སངས་རྒྱས་མར་མེ་མཛད་རྒྱན་འོད་ཀྱི་ཕུང་པོ་སྣང་བ་ཞེས་བྱ་བ་ཡོད་ཀྱིས། དེའི་ཚེ་དེའི་དུས་ན་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ།། བཛྲ་པཱ་ཎི་ལ་རྡོ་རྗེ་འཆང་གིས་གདམས་ངག་ཐོག་བབས་སུ་བསྟན་པའི་ལུང་བསྟན་པའོ། བཛྲ་ས་ཏྭ་ཥ
110b6 བཛྲཿརྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། བཛྲ་པཱ་ཎི་དུར་ཁྲོད་ཆེན་པོ་སོ་སའི་གླིང་ན། མཁའ་འགྲོ་མ་ནམ་མཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་བྱ་བ་ཡོད་ཀྱིས། དེ་ལ་ཐུགས་ཀྱི་ཕྱག་རྒྱ་སྟོན་ལྔ། རང་བྱུང་གི་མེ་ཏོག་ཕུལ་ལ་ཞུས་ཤིག། རྒྱའི་བང་སོ་ནག
110b7 བྱང་ཕྱོགས་ཕ་བོང་དྲེགས་པ་ཅན་གྱི་འོག་ན། ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཞིག་གི་འོག་ན། བྱང་ཆུབ་སྙིང་པོ་ཉི་མ་ཤར་བ་ལྟ་བུའི་གདམས་ངག་ཚིག་གསུམ་ཡོད་ཀྱིས། དེ་ཞུས་ཤིག། བཛྲ་པཱ་ཎི་བྱ་བཙལ་མེད་པར་ཡེ་ཤེས་ཀྱི་འོད་གསལ་བ།




iiif viewer powered by OpenSeadragon

110a - 111a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo