e-texts navigator
Collection
Volume
Page
Wylie

10b1 དབང་།། དཔག་མེད་ཡེ་ཤེས་ཡོན་ཏན་དབང་།། ལེན་པ་ཡོད་པའི་དབང་ཡིན་ནོ།། མ་བསྐུར་སྡུད་པར་མི་ནུས་ཏེ།། བསྲུར་བས་ཐོབ་པའི་དབང་ཡིན་ནོ།། ཆོས་གསུམ་འདུས་པ་འོད་དཔག་མེད།། ཀུན་ཏུ་བཟང་པོའི་དགོངས་པ་ཡིན།། དེ་ལ་སྒོ་མཚམས་འོད་སྲུངས་ནི།།
10b2 རྡོ་རྗེ་སེམས་དཔའ་ཁོང་ཤར་ཡིན།། སྲ་བའི་མཐིལ་དུ་མར་མེ་མཛད།། དགའ་བ་རྡོ་རྗེཇི་རིག་པར་གྲོལ་ཡིན།། སྐྱོན་པ་སྒྲགསུམ་དང་ལ་གནས།། ཡ~ཾ་ནས་གཞིལ་གྲུབ་པས་ན།། སྲུ་གསུ་ས་དབང་བསྐུར་ཞེས་ཀྱང་པ།། མུ་མེད་པ་འོད་སྲུངས་དབང་བལྟར་ཐོབ།། མིག
10b3 ལ་མར་མེ་མཛད་ཀྱི་དབང་།། མ་བསྐུར་མུན་པ་འཐིབས་པ་ཡིན།། བསྐུར་བས་མུན་པ་ཡུལ་ན་མེད།། མར་མེ་མཛད་ཀྱི་དབང་བསྐུར་རྫོགས།། བསྐལ་པ་སྟོང་གི་མུན་པ་ལ།། མར་མེ་མཐེབ་མོ་ཙམ་གྱིས་སེལ།། མ་རིག་མུན་པ་འཐིབས་པ་ལ།། མར་མེ་མཛད་ཀྱི་དབ
10b4 འི་ཕྱི། དག་། ན་འ།། མེ་།། ཤྲཱི།།
10b5 སོ།། མ་བསྟན་ཤེས་པར་མི་འགྱུར་རོ།། བསྟན་ན་མི་འཆར་མི་སྲིད་དོ།། རེ་བས་འདོད་པ་འབྱུང་མི་འགྱུར།། དབང་གི་རྒྱལ་པོ་སྐུ་གསུམ་དག། རྟགས་ཀྱི་རྒྱལ་པོ་བསྟན་དུ་ཡོད།། དཔེ་ཡི་རྒྱལ་པོ་མཚོན་དུ་ཡོད།། ཐིག་ལེའི་རྒྱལ་པོ་སྤང་དུ་ཡོད།། ངོ་སློང་རྒྱལ
10b6 པོ་ཐིག་ལེ་རང་སྣང་ཡིན།། ཉམས་ཀྱི་རྒྱལ་པོ་ཡེ་ཤེས་རང་སྣང་ཡིན།། གཞི་ཡི་རྒྱལ་པོ་ལྷུན་གྲུབ་ཡོངས་རྫོགས་ཡིན།། འབྲས་བུའི་རྒྱལ་པོ་ཚེས་ལ་གྲོལ་བ་ཡིན།། ཐུགས་རྗེའི་རྒྱལ་པོ་སྐུ་གསུམ་རང་འཁུངས་ཡིན།། ཞེས་གསུངས་སོ།། ལྷ་རྒྱང་རིན་པོ་ཆེ
10b7 སྲུངས་པ་ལས། སྐུ་གསུམ་དབང་བསྐུར་གྱི་ལེའུ་སྟེ་བཅུ་དགུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། གཞི་ཡི་སྐོར་ལུགས་མ་ཤེས་ན།། ནོར་བུ་རིན་ཆེན་སྟོར་བ་འདྲ།། ཀུན་གཞི་ཞིང་ས་ལྟ་བུ་ལ།།




iiif viewer powered by OpenSeadragon

10a - 11a

Texts on this page

Gdg005.1 - lha rgyud rin po che spungs pa