e-texts navigator
Collection
Volume
Page
Wylie

10a1 གཞན་དབང་མ་གྱུར་པ།། དེ་ནི་ཤེས་རབ་སྟན་ཡིན་ནོ།། ཟང་ཐལ་གཞན་དབང་མ་གྱུར་པ།། དེ་ནི་ཡེ་ཤེས་སྤྱན་གྱི་གཞི།། དེ་གསུམ་དབྱེར་མེད་དབང་ཡིན་པས།། ལྷུན་གྲུབ་ཡོངས་སུ་རྫོགས་པའི་སྤྱན།། དེ་ནི་གཞི་ཡི་སྤྱན་གྱི་དབང་།། དེ་ནས
10a2 ལམ་གྱི་དབང་བསྟན་པ།། དཔེ་དོན་རྟགས་ཀྱི་དབང་བསྟན་ནོ།། དཔེར་ན་རིན་ཆེན་མན་ཤེལ་ཏེ།། སྤྱན་གསུམ་དབང་གི་དཔེ་ཡིན་ནོ།། རྟགས་ནི་མིག་ལ་ཤར་བའོ།། སྤྱི་ཡི་རྟགས་དང་དོན་དུ་འབྲེལ།། ནང་གི་དབང་རྟགས་སྙིང་ཡིན་ནོ།། དོན་གྱི་རྟགས་དང་སྦྱར་བ
10a3 གཅེས།། གྱི་ཡི་དབང་རྟགས་མིག་ཡིན་ནོ།། ངོ་སྤོད་བྱས་ཏེ་རྟགས་སུ་བསྟན།། མིག་གཡས་ཆོས་ཀྱི་སྤྱན་གྱི་རྟགས།། གཡོན་པ་ཤེས་རབ་སྤྱན་གྱི་རྟགས།། མཛོད་སུ་ཡེ་ཤེས་སྤྱན་གྱི་རྟགས།། དོན་གྱི་སྤྱན་གསུམ་འགྱུ་བའི་མིག། འགྲུ་བའི་སྤྱན་ལ་ངོ་སྤྲད་ན།
10a4 སྤྱན་གྱི་དངོས་གྲུབ་ཐོབ་པར་འགྱུར།། རྣ་བ་གཡས་པ་ཆོས་ཀྱི་སྤྱན།། གཡོན་པ་ཤེས་རབ་ཆེན་པོའི་སྟོན།། མིག་ནི་ཡེ་ཤེས་སྤྱན་ཡིན་ནོ།། རྣ་བ་ཆོས་ཉིད་རྩ་གནས་པ།། བློ་འདོགས་གཅོད་པའི་ཇི་སྤྱོད་བྱ།། མིག་ལ་ཡེ་ཤེས་རྩ་གནས་པས།། ཟང་ཐལ་རྟོགས་པའི
10a5 རྡོ་སྦེད་བྱ།། སྙིང་ལ་ཤེས་རབ་རྩ་གནས་པས།། ཡེ་ཤེས་ཏེ་སྤོད་ཤིན་ཏུ་གཅེས།། བློ་སྒང་གཉིས་ལ་རྩ་གཉིས་གནས།། གཟུང་འཛིན་གཉིས་སྣང་བློ་པི་ཙ།། མེད་པར་དབུགས་ཀྱི་རྩ་གནས་པ།། སེམས་ཀྱི་རྟ་མོ་བྱེད་པའིཿ།། སྙིང་མཚམས་ཐུགས་ཀར་འབྲེལ་བའི་རྩ།
10a6 དབུགས་ཆེན་དབུགས་མེད་སོ་མཚམས་ཡིན།། སྙིང་ལ་རྩ་ཆེན་བརྒྱད་གནས་པ།། ཐིཀ་ལེ་ཡེ་ཤེས་བརྒྱད་ཀྱི་རྩ།། མགྲིན་པ་རྩ་ལྔ་འོད་གསལ་བ།། བར་དེ་འོད་དུ་འཆར་བའི་རྩ།། ཐིག་ལེ་བཙོན་ཐབས་རྟགས་སུ་བཤད།། མཛོད་དུ་མིག་ལཾ་ཟད་ཐལ་ཙ།། འདས་པ་ལྔ་ཡི་རྩ
10a7 ཡིན་ནོ།། ཞེས་གསུངས་སོ།། ལྷ་ཆུང་རིན་པོ་ཆེ་སྤངས་པ་ལས། སྨན་དང་རྩའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་ཡོད་ཀྱད་ཀོན་ཅིག། ལུ་གསུམ་དབང་བསྲུང་བསྟན་པ་ནི།། སྙིང་ག་འོད་དཔག་མེད་པའི




iiif viewer powered by OpenSeadragon

9b - 10b

Texts on this page

Gdg005.1 - lha rgyud rin po che spungs pa