e-texts navigator
Collection
Volume
Page
Wylie

108b1 དེའི་དུས་སུ་ལྷའི་བུའི་བདུད་འཇུག་སྟེ། དེ་རྣམས་ལ་བླང་དོར་དང་ཉམ་ང་བ་མེད་པར་གངས་ལ་ཉི་མ་ཤར་བལྟ་བུ་གསལ་བ་གསུམ་གྱི་རྒྱས་ཐོབ་ཅིག། གསང་བ་བྱང་ཆུབ་སེམས་དངོས་སུ་གྲུབ་པའི་དུས་སུ། མེ་ལོང་གཱ་ཡ་འདག་གི་དགོངས་པ་མ་བསྒྲེང་།
108b2 པ་ཡོངས་སུ་གསལ་བའང་། རྣམ་མཁའི་མཐོས་ནས་སྣང་གསལ་གྱི་ཉི་མ་ཤར་བལྟ་བུ། ཆོས་ཉིད་དག་པའི་ཀློང་ནས་ཡེ་ཤེས་རང་སྣང་གི་དགོངས་པ། གཟིགས་སྣང་གི་མཐའ་ལས་འདྲེས་པའི་ཉམས་སྐྱེ་སྟེ། དེའི་དུས་སུ་འཆི་བདག་གི་བདུད་འདྲེག
108b3 སྟེ། རྒྱ་བྱིན་མེད་པར་ཡེ་ཤེས་ཀྱི་སྒྲ། སྐྱེ་འཆིའི་མཐའ་ལས་གྲོལ་བ། སྐར་མདའི་ལྟ་བུའི་རྒྱས་ཐོབ་ཅིག། བྱང་ལ་དེ་བྱུང་དེ་ལ་དགོངས་པ་སྟེ།། དེ་ལ་དེ་མེད་དེ་ཡི་སྤྱོད་ཡུལ་མིན། ཅེས་དེ་ཉིད་གསུངས། བྱང་ཆུབ་སེམས་སེང་གེ་འཁྱིལ་པ
108b4 དགོངས་པས། བདུད་བཞི་ལ་ཡེ་ཤེས་བཞིའི་རྒྱས་གདབ་བོ།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། མ་བྱོན་པར་མཁྱེན་ནས། ཐུགས་རྗེའི་སྤྲུལ་པ། ཡེ་ཤེས་ཀྱི་རྣལ་འབྱོར་མ་བཞི། ལྗགས་ཀྱི་འོད་ཟེར་ལས་སྤྲོས་ཏེ། རྡོ
108b5 ཐུགས་ཀྱི་བུ་མོ་ཞེས་ཀྱང་བྱ། ཉིད་ཀྱི་སྐུ་ལས་སྐྱེས་པས། ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་རྣལ་འབྱོར་མེ་བཞི་ཞེས་ཀྱང་བྱ། འཁོར་བ་ཞི་ནས་གནོན་ཅིང་སྡུག་བསྔལ་མྱང་ནས་གཅོད་པས། སྲིད་པ་སྒྲོལ་བྱེད་ཀྱི་ཁྲོ་མོ་བཞི་ཞེས་བྱའོ།། འདས
108b6 པའི་དུས་མ་བྱོན་པའི་སྔོན་རོལ། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། ཡེ་ཤེས་རྣམ་དག་གི་དབྱིངས་ནས། ཉིད་ཀྱི་ཞལ་བཟང་པོ་བསྟན་ནས། དུར་ཁྲོད་ཆེན་པོ་བཞིར་མི་འགྱུར་བའི་གཟེར་ཆེན་པོ་ཞིག་བཏབ་ནས། བཛྲ་ས་ཧཱུ་ལི་ཀར་བཞི
108b7 བཞག་ནས་ཡོད་ཀྱིས། ལག་ན་རྡོ་རྗེ་ཁྱོད་དེང་སོང་ཅིག། དུང་ཁྲོད་ཆེན་པོ་བསིལ་བའི་ཚལ་ན། མཁའ་འགྲོ་མ་རོ་པྲ་ཤཱནྟི་ཟད་པའི་ཕྲེང་བ་ཅན་བྱབས། གཟེར་ལྟ་བུའི་གདམས་ངག་བསྟན་ཏོ།། ངུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ནས།




iiif viewer powered by OpenSeadragon

108a - 109a

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo