e-texts navigator
Collection
Volume
Page
Wylie

108a1 པར་བྱེད་པ་ལམ་རྣམ་པ་བཞི་ལ་གནས་པའི་དུས་སུ། ཤེས་པ་ཁོལ་བུའི་ཉམས་སྟེ། སྨུག་ཟིལ་ལྟ་བུ་དང་། རརོ་ལྟ་བུ་དང་། ལུས་ཡོང་དུ་མི་ཚོར་བ་དང་། ལུས་ཡང་བ་དང་། ཕྱི་ནང་གི་སྲིན་བུ་མི་འབྱུང་བ་དང་། མ
108a2 པར་ཚིམས་པ་དང་། གང་ལ་ཡང་ཉམ་ང་བ་མེད་པ་དང་། གཞན་སྙིང་རྗེའི་གནས་སུ་མཐོང་བ་དང་། རི་དང་ཁང་ཁྱིམ་གྱིས་མི་ཁེགས་པར་ཤེས་པ་ཟང་བྲལ་དང་། སྡང་བ་ཕྱོགས་རྒ་ཙམ་དག་པ་དང་། འགྲོ་དྲུག་གི་གནས་དང་གནས་སྐབས་ཀྱི་མཐོང་བ
108a3 དགའབྱུང་བ་སྟེ།། དེའི་དུས་སུ་ཙུན་མོངས་པའི་བདུད་འཇུག་སྟེ། དེ་ནི་བདག་སངས་རྒྱའོ་སྙམ་རྠ་ཤེས་པའི་ཤེས་པ་འབྱུང་སྟེ། གཞན་ལ་འདི་འདྲ་བའི་གཏམ་མྦྷ་མྨཱ་། དེ་ལང་གཱ་འབྱུར་བྱེད་པ་ནི། ཆོས་ཀྱི་མཐའ་ལཞེན་པས་ཉིན་མོངས་པའི་བདུད
108a4 བྱའོ།། དེའི་དུས་སུ་མ་ཆགས་པའི་གནས་སྐུ་གསུམ་བཞི་ལྡན་གྱིས་རྒྱས་ཐོབ་ཅིག། ནང་ལྷའི་དཀྱིལ་འཁོར་ལ་བརྟེན་ནས་བསྒྲུབ་པའི་དུས་སུ། ཐུགས་རྣམ་དག་གི་སློང་ན་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ལུང་སྟོན་པ་དང་། ཡི་གེའི
108a5 ཚོགས་དང་། སྣང་བ་མེད་པའི་གཏམ་ཐོས་པ་དང་། རིན་པོ་ཆེའི་མཆོད་རྟེན་ལ་འཛེགས་པ་དང་། བདུད་རྩིའི་ཟས་ལ་ལོངས་སྤྱོད་པ་དང་། རྟེད་མེད་ཀྱི་ནམ་མཁའ་ལ་སྟེགས་བཅས་ཏེ། བར་སྣང་ལམ་དུ་བདེ་བ་དང་། ལྷ་དང་སློབ་དཔོན་དང་མཁའ
108a6 འགྲོ་མས་ནམ་མཁ་དེ་ཁྱུད་མར་མཆོད་པའི་ཕྱག་རྒྱའི་ཚོགས་མང་པོས་བདག་ལ་དབང་བསྐུར་བ་དང་། ལུང་སྟོན་པ་དང་། དེའི་ཚེ་བ་དག་ལ་ཤེས་རབ་ཁྱད་པར་ཅན་སྐྱེས་ཏེ། ཉམས་དགའ་ཞིང་ཤེས་རབ་ཀྱི་མཐའ་གྲོལ་བ་དང་། ཆོས་ཐམས་ཅད་གང་ཡང
108a7 མཐུན་ལ་ཆོས་ཀྱིས་མི་གྲོལ་བར་མཐོང་བ་དང་། གཞན་དེ་ལ་སོགས་པའི་སྣང་བ་དམྱལ་བའི་སྡུག་བསྔལ་ཉམས་སུ་མྱོང་དུ་ཡོད་པ་དང་། ཡི་དྭགས་དང་བྱོལ་སོང་གི་སྐྱེ་གནས་སྟོན་པ་དང་། བདུད་ཀྱི་ཆ་བྱད་མང་པོས་བདག་ལ་སྐྱི་བུད་པ་བྱེད་པ་འབྱུང་སྟེ།




iiif viewer powered by OpenSeadragon

107b - 108b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo