e-texts navigator
Collection
Volume
Page
Wylie

107a1 ཆེན་པོའི་མདོ། རང་བྱུང་རིག་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། འདས་པའི་དུས་མ་བྱོན་པའི་སྔན་རོལ་དུ། སེམས་ཉིད་ཀུན་ཏུ་བཟང་བ་ཡེ་ཤེས་ཀྱི་ལྡང་བ་ལ་བཞུགས་པའི་དུས་ན། ཀུན་གཞི་གསང་བདག་པའི་དབྱིངས
107a2 རང་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས། ཉིད་ལ་ཉིད་ཀྱིས་བཀའ་སྩལ་པ། བྱམས་པ་ཆེན་པོ་ཐུགས་ཀྱི་གཏེར་ལྔ་སྦས། ལུས་ཀྱི་དབང་པོ་ལྔ་ཝང་བསྟནཏོ།། མན་ངག་གི་མཇུག་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གཏད་དོ།།
107a3 པས་ས་ད་དུ་ང། ག་ཛིན་སྨྲ་ན་པ་ང་མ
107a4 བསྒྲུབ་པ་དང་། གསང་བ་བྱང་ཆུབ་སེམས་དངོས་སུ་བསྒྲུབ་པའོ།། ཕྱི་མཚན་མ་ལ་བརྟེན་པ་ལ་གཉིས་ཏེ། བག་ཆགས་ཀྱི་སྒྲ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་དང་། ལམ་འབྲས་བུ་དང་བཅས་པ་ལ་འཇུག་པ་ལ་བསྒྲུབ་པ་དང་། བྷཱུ་ལུས
107a5 ཤེས་ཀྱི་ལུས་ལ་འཇུག་པ་ལ། ངོ་སྤོད་གཞི་ནས་ཆོས་ཉིད་བར་རྡོའི་ལུས་ད་ལྟ་དངོས་སུ་བསྟན་ཡང་། དེ་ཉིད་ལ་གོམས་པར་བྱ་སྟེ། ལམ་དང་འབྲས་བུ་དང་བཅས་པ་བསྒོམ་པར་བྱ་སྟེ། ལམ་དངོས་སུ་བྱེད་པ་ནི། དཔེའི་ཡེ་ཤེས་ལས་ཤེས་པར་བྱ
107a6 ལམ་ལ་གནས་པ་ནི། ཡེངས་པ་མེད་པའི་གདེང་གིས་ཟིན་ཏེ་དུས་ཐམས་ཅད་པའོ།། ལྡུམ་མངོན་དུ་གྱུར་པ་ནི། རིག་པ་གཅེར་བུར་ཕྱུང་བའི་མན་ངག་ལས་ཤེས་པར་བྱའོ།། ལམ་མི་འབྲས་བུ་མཐར་ཕྱིན་པ་ནི། གྲགས་པ་ཡེ་ཤེས་པའི་ལྡན
107a7 གྱི་དགོངས་པ་མཐར་ཕྱིན་ནས་བག་ཆགས་ཀྱི་ལུས་ལ་ཉམ་བ་མེད་པའོ།། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལོ་བ་ཏེན་ཏེ་བསྒྲུབ་པ་ནི། གོང་མའི་རྩལ་འབྱོངས་ནས། ཐུགས་རང་བྱུང་གི་དཀྱིལ་འཁོར་ཡེ་ཤེས་ཀྱི་སྒྲ་ཕྱེ་སྟེ། འདི་རྩེ་ལུས་ཀྱི་ནང་མེད་པ




iiif viewer powered by OpenSeadragon

106b - 107b

Texts on this page

Gdg005.11 - rdo rje gsang ba chen po'i sku rin po che dbyig gi sgron ma shes rab chen po'i mdo