| | e-texts navigator
|
105a1 གཉིས་ཀྱི་མཚམས་ཤེད་ན།། སྥུ་གུ་ལྟ་བུའི་རྩ་གནས་ཏེ།། དེ་ལ་འགྲུབ་བརྟན་པ་ཡིན།། གློ་བར་སོང་བས་སྒྲོག་འདྲའིཿ།། སྐྱེ་བ་གཅོད་པ་གནས་པའི་རྩ།། མགྲིན་པ་གཉིས་མཚོན་ལ་བུའིཿ།། དབུགས་ཀྱི
105a2 འོད་གནས་པའི་རྩ།། མགྲིན་པ་བཐག་སྦྲེསྐྱེལ་འདྲའི་རྩ།། འོད་ལྔ་རང་མས་གནས་པའི་རྩ།། བདེ་ཆེན་ཀ་བ་བཙུག་འདྲའི་རྩ།། ཐིག་ལེའི་རང་གདངས་རླངས་པ་རྒྱོ།། མཛོད་སྤུ་ཡེ་ཤེས་ཟར་བུའི་རྩ།། འགྱུ་བ་རང་བྱང་གནས་པའི་རྩ།། པར་དོར
105a3 འོད་གསལ་གནས་པའི་རྩ།། འགྱུ་བ་སྟོང་པ་རྩ་ཡི་རྒྱུ།། རྩ་ཡི་སྲོག་དང་སྲོག་གི་རྟེན།། དེ་གཉིས་འབྲེལ་པས་ཚེ་དང་ཟུངས།། ཚེ་སྲོག་རྩ་དང་ཟུངས་ཆད་རྩ།། སྐྱོང་སྒྲོལ་འགྲོ་ལྡོག་ཤེས་པར་བྱ།། ཆོས་ཉིད་མ་བུ་སྤང་བ་ལ།། རྩ་རླུང་གཉིས་ཀྱི་གདམས
105a4 པ་དགོས།། ཚེ་ཟུངས་ནཱ་གཅོད་ཤེས་པ་དགོས།། ཆོས་ཉིད་བར་དོའི་ངོ་སྤྲོད་གཅེས།། བར་དོ་ཚད་ལ་ཕེབས་ཙན།། ཆོས་ཉིད་མ་བུ་འཕྲད་པ་ཡིན།། ཡེ་ཤེས་ཚད་ལ་ཕེབས་ཙམ་ནི།། རྣམ་རྟོག་རང་སར་གྲོལ་བ་ཡིན།། ཐོས་པ་ཚད་ལ་ཕེབས་པ་ན།།
105a5 སྒྲ་འདོགས་ཐག་པ་ཆོད་པ་ཡིན།། འོད་གསལ་ཚད་ལ་ཕེབས་ཙམ་ན།། སངས་རྒྱས་ཞིང་ཁམས་ཤར་བ་ཡིན།། གཉིས་མེད་ཚད་ལ་ཕེབས་ཙམ་ན།། སངས་རྒྱས་ཡུལ་མེད་ཤར་བ་ཡིན།། རྣམ་རྟོག་ཚད་ལ་ཕེབས་ཙམ་ན།། སྣང་བའི་ཞོན་པ་ལོག་པ་ཡིན།།
105a6 གདམས་པ་ཚད་ལ་ཕེབས་ཙམ་ན།། ཉམས་མྱོང་ཁོང་ནས་ཤར་བ་ཡིན།། བྱིན་རླབས་ཚད་ལ་ཕེབས་ཙམ་ན།། འཁོར་བའི་ཞེན་པ་ལོག་པ་ཡིན།། བཀའ་རྒྱུད་ཚད་ལ་ཕེབས་ཙམ་ན།། སངས་རྒྱས་དགོངས་པ་ཤར་བ་ཡིན།། ཐུགས་རྒྱུད་ཚད་ལ་ཕེབས
105a7 ཙམ་ན།། སྐྱེ་རྒྱུན་ཐག་པ་ཆོད་པ་ཡིན།། སྙན་རྒྱུད་ཚད་ལ་ཕེབས་ཙམ་ན།། ཡེ་ཤེས་ཁོང་ནས་ཤར་བ་ཡིན།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ།། རྒྱན་ཚོད་མེད་ན་ཡེ་ཤེས་ཡིན།། སྡང་བ་ཚད་ལ་ཕེབས་ཙམ་ན།། མཁའ་འགྲོ་དབང་དུ་འདུས་པ་ཡིན།
iiif viewer powered by OpenSeadragon
104b - 105b