| | e-texts navigator
|
104b1 སྟེ།། འགྲོ་བ་འོང་པ་གནས་པརྒྱ།། གློ་སྒང་དབུགས་ཆེན་རླུང་རྒྱུ་བ།། སྐྱ་བ་གཅོད་པ་གནས་པ་རུ།། སྙིང་ནས་འགྱུ་བ་འགག་མྱེང་དྲུང་།། འཆར་བ་འདུག་པ་གནས་པ་རྒྱ།། དེ་ནས་གསང་ལམ་འོད་ལྔའི་རླུང་།། རྟོག་མེད་ཤེས་པའི་རླུང
104b2 རྒྱུན། མཛོད་སུ་འགྲུ་བའི་ག། ས་རླུང།། སྡུག་ཏུ་འགྱུ་བའི་རྒྱུ་རྒྱནོ།། མིག་ལ་ཡེ་ཤེས་པ་ཐལ་རླུང་།། འགག་མད་ཡེ་ཤེས་མངོན་མྱུར་བྱ།། ནབ་ཆོས་ཉིད་རླུང་རྒྱའཾ།། ཧཱུཾ་དེག་ཤེས་རབ་དྲང་གྱུའོ།། སླད་ན་འཁོར་བའི་རླུང་སྒྲའོ།། ཇི་སྐད་མྱ་ན
104b3 འདས་པའི་རླུང་།། བར་ན་འཁོར་འདས་རུགཅོད་རྒྱུང་།། འགོག་པ་མེད་པར་ཆུ་བ་ཡིན།། ཞེས་གསུངས་སོ།། དབང་རིན་པོ་ཆེ་འཁོར་ལོའི་རྒྱུད་ལས། རླུང་དང་དཔའ་བོ་དབང་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་བཀའ་སྩལ་པ།
104b4 གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྩཝ་ཡི་མདོར་བསྡུས་རྡོ་སྤྲོད་བསྟན་པར་བྱ།། དེ་ལ་རྩ་མཇོ་བོ་སྟོང་པ་ཡིན།། ངེས་པའི་ཆོག་ནི་གནས་པའོ།། མཚན་ཉིད་གཉིས་སུ་མེད་པའོ།། ད་བ་རྣམ་པ་གསུམ་ཡིན་ཏེ།། དཔེ་ནི་དྲ་བའི་ཚུལ་བཞིན་ནོ།། ཐུན་མོང
104b5 ཁྱད་པར་མཆོག་དང་གསུམ།། ཐུན་མོང་འཁོར་ལོ་བཞི་ལྔ་གནས།། དེ་ཡང་བསྡུ་ན་གསུམ་དུ་འདུས།། རྒྱང་མ་རོ་མ་ཀུན་འདར་མ། ཁྱད་པར་རྩ་ལ་བསྟན་གསུམ།། རྣབ་ཆོས་ཀྱི་རྩཝ་དང་ནི།། སྙིང་ག་ཤེས་རབ་རྩ་དང་ནི།། མིག་ལ་ཡེ་ཤེས་རྩ་དང་གསུམ།།
104b6 སྙིང་ལ་ཤེས་རབ་རྩཝ་གནས་པ།། རྩ་ཆེན་བཞི་རུ་གྱེས་པ་ཡིན།། རྣབ་ཆོས་ཉིད་རྩ་དང་འབྲལ།། མིག་ནི་ཡེ་ཤེས་རྩ་དང་འབྲེལ།། མགྲིན་པ་ཆོས་ཉིད་རྩ་དང་འབྲེལ།། གླུ་སྐད་སྐྱོན་ཡོན་རྩ་དང་འབྲེལ།། མིག་ལ་ཡེ་ཤེས་རྩཝ་གནས་པས།། ཁ་དོག་ལྷ་དང་ལྡན
104b7 པ་ནི།། རྟགས་ཀྱི་ཡེ་ཤེས་ཕྱི་རུ་ཤར།། མགྲིན་པ་འོད་དུ་ཤར་བ་ནི།། ལོངས་སྐུ་གཞི་ལ་གབ་པའི་རྩ།། སྙིང་ག་ཆོས་གསུམ་འདུས་པ་ནི།། ཆོས་སྤུའི་རྩ་སྟེ་རང་ཆས་ཡིན།། འགྱུ་བ་སྟོང་པའི་ལམ་སཱ་ཏེ།། དེ་ནི་རྩ་བའི་ལམ་ཆེན་ཡིན།། གློ་སྙིང
iiif viewer powered by OpenSeadragon
104a - 105a