| | e-texts navigator
|
104a1 ཚད་ཀྱི་དབང་གི་ལེའུ་སྟེ་བཟད་པའོ།། ། དེ་ནས་ཡང་དག་བཤད་ཐུབ།། ཉོན་ཅིག་གསང་བའི་བདག་གབྱུད་།། དཔེར་ན་མོ་བཙུན་དཔའ་བོའི་དབང་བརྟན་པ།། དཔའ་བོ་རྩལ་དང་ལྡན་པ་ལ།། མོ་བཙུན་མཛ
104a2 མས་གཡོ་བརྩམ་ནས།། མོ་ཡི་ཕར་ལ་གྲག་བཅོལ་ཀྱང་།། སྐྱེས་པ་རྣམས་ཀྱིས་འཇུག་མི་ནུས།། དེ་བཞིན་ཡེ་ཤེས་དབང་ཐོབ་ན།། དུག་ལྔ་སྣ་ཚོགས་རང་དབང་འདུས།། འགྲུ་བ་བཙལ་བས་མི་རྙེད་དེ།། བཙལ་བས་ཡེ་ཤེས་ཕྱོགས་སུ་ཤར།། དྲག
104a3 ལྷའི་མཚན་མ་རང་སར་གྲོལ།། འགྲུབ་བྱ་བ་མིང་ཡང་མེད།། སྣང་སྲིད་ཐིག་ལེའི་གླིང་དུ་གྲོལ།། དུག་ལྔ་སྐྱེས་ས་མིང་ཡང་མེད།། ཕྱི་ནང་མེད་པར་རང་སྣང་བས།། ཉམས་སུ་མྱོང་དགུའི་ཡུལ་མེ་རྙེད།། ཐམས་ཅད་ཐིག་ལེའི་ངང་དུ་གྲོལ།།
104a4 ཚིག་ཚོགས་ཡུལ་ན་མེད།། དཔེ་ལས་འདས་པའི་ཡེ་ཤེས་ཡིན།། ནེམ་རྟོག་ཡེ་ཤེས་འཆར་བ་ལ།། རླུང་གི་གདམས་པའི་དབང་པོ་དགས།། རླུང་གི་ངོ་བོ་ག་ཡོ་བའོ།། ངེས་པའི་ཚིག་ནི་འཇིགས་བསྟོད་།། དབུ་བ་གཞི་ལམ་འབྲས་བུའོ།། འབྲས་བུ་རྣམ
104a5 པ་གཉིས་ཡིན་ཏེ།། མ་རིག་རླུང་དང་ཡེ་ཤེས་རླུང་།། མ་རིག་འགྱུ་བའི་རླུང་ཆེན་དེ།། མི་འགག་བསྐྱོད་པས་འབྷ་བའི་རླུང་།། དུག་ལྔ་ཁོང་ཁྲོའི་རླུང་ཆུབས།། གློ་སྒང་གཉིས་ལ་དབུགས་ཅན་རྒྱ།། དབུགས་རྒྱུ་མ་རིག་ཐུཀྐ་ཀ་ལ།། འགྱུས་པ་རྣམ་རྟོག་མ
104a6 རིག་རླུང་།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གྱི།། སྲོག་རྩ་དབུགས་མེད་རླུང་རྒྱབ།། ཐག་པ་འཁོར་བའི་རླུང་རྒྱའོ།། མཛོད་སྤུ་ཡཾ་ཤེས་རླུང་རྒྱབ།། འདས་པ་ལྔ་ཡི་རླུང་རྒྱའོ།། སྙིང་ནས་ཡེ་ཤེས་རླུང་ཆུབ།། ཟང་ཐལ་འགག་པ་མེད་པའི་རླུང་།། སྙིང
104a7 མཚམས་ཤེས་རབ་རླུང་ཆུབ།། ཤེས་བྱ་འགག་པ་མེད་པའི་རླུང་།། བློ་མཚམས་ཡེ་ཤེས་རླུང་ཆུབས།། རྫོགས་པ་མེང་བའི་ཡེ་ཤེས་རླུང་།། མགྲིན་པ་མ་ཤེས་ཆུང་ཆུབས།། རྟོག་པ་འགག་པ་མེད་པའི་དྲང་།། ཁ་སྡང་འགས་ཚ
iiif viewer powered by OpenSeadragon
103b - 104b