| | e-texts navigator
|
8a1 ཐུག་ག།། ཡིག་འབྲུ་ཐམས་ཅད་ཀྱི་མཐའ་ན། མ་བརྒྱད་པའི་རང་བྱུང་ཆེན་པ་ལ་ཐུག་ག། ལྷའི་ཕྲ་ཐམས་ཅད་ཀྱི་མཐའ་ན། ཡངས་པ་ཉིད་ལ་རང་བྱུང་བ་ལ་ཐུགག།། རྫས་བུའི་མཐའ་ནི་བསམ་པ་མད་ཅིང་རང་ཛག་པ་ལ་ཐུགག།། ཡོངས
8a2 སྤུའི་མཐའ་ནི། རང་གི་སྣང་བའི་ཕྱོགས་སད་པ་ལ་ཐུག་གོ།། སྦྲུལ་སྐུའི་མཐའ་ནི་ཐུགས་རྗེའི་གོ་མ་འགགས་པ་ལ་ཐུག་གོ།། ཀྱེ་མ་ལྕེ་ཤི་མེད་པར་སྲོག་འཛིན་པར་འདོད་ན། མི་འགྱུར་བ་རྡོ་རྗེའི་སྐུ་ལོངས་ཤིག། འགག་པ་མེད་པར་རང་གྲོལ་བར་འདོད་ན། རང་སྣང་ཆོས
8a3 ཉིད་ཀྱི་ཡུལ་ལ་ལྟོས་ཤིག། ལྕེ་འགྲིབ་མེད་པའི་དགོངས་པ་ལ་གནས་པར་འདོད་ན། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ལྟོས་ཤིག། རྡོ་རྗེ་སེམས་དཔའི་ཡུལ་བལྟ་བར་འདོད་ན། རིག་པ་ལུ་གུ་རྒྱུད་ཀྱི་སྤུ་ཟུང་ཞིག། ཡངས་པ་སྡང་བ་ཀུན་ཏུ་འཆར་ཞིང་ཀུན་ལ་སྣང་བའོ།།
8a4 གསང་བ་ལེགས་། ནང་པ་ལ་མཁས་པ། རྒྱམ་གྱི་བུ་ང་བཟང་པ་ལ། ལོངས་སྲུ་ང་བ་གས་པད་ལྟ། ཡུལ་གྲི་དབ་བ་ས་མྱུར་སྣང་བ། སངས་ཁྱེན་གྱི་རྗེལ་བུ་ཟླ་འང་བ་དང་བཅས་པར་རིགས་དངས་སུའི་ཆག་དང
8a5 བཅས་པ་འདི་གསུངས་སོ།། དེ་ཡང་ཐབས་ཀྱི་སྣང་བ་དུས་གཅིག་ལ་རྫོགས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་རྫོགས་པ་ཆེན་པོ་འདིར། རིག་པ་མངོན་སུམ་ལ་གཟིགས་པའོ།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་ཤིང་། དེའི
8a6 སྣང་བ་ལས་ཀུན་གསལ་ལོ།། ཐུགས་རྗེས་ཐམས་ཅད་འཛིན་ཅིང་། དབྱིངས་སུ་འཛིན་པར་བྱེད་པའོ།། སངས་རྒྱས་ཀྱི་འོད་ཟེར་གྱིས་འགྲོ་བ་ཕལ་པ་བརྒྱལ་ཏེ། སྣང་མི་རུས་པའོ།། ཨེ་མ་ཧོ། སྔོན་བྱུང་གི་དུས་ན་སངས་རྒྱས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཞིག་ལ
8a7 སྣང་བ་ཆེན་པོ་བརྒྱ་སྟོང་དང་ལྡན་པའི་མཆོད་རྟེན། ཤིན་ཏུ་བརྩེགས་ལེགས་པ་གསལ་བ། མཐོ་བ་ལ་སྲིད་པའི་རྩེ་མོར་སླེབ་པ་ལ། མུ་སྟོང་གསུམ་འཇིག་རྟེན་གྱི་གྱི་འགྲོ་ཡོངས་ལ་ཁྱབ་པ། རྩ་བ་ནི་ན་ངག་ཆེན་པོའི་དམྱལ་བའི་ཁམས་ལ་ཟུག་ས། ཆུང་བའི
iiif viewer powered by OpenSeadragon
7b - 8b