| | e-texts navigator
|
81b1 སེམས་དཔའ་འོད་ཟེར་ཀུན་འདུས་ཁྱོད་ཉོན་ཅིག། ངས་དུས་གསུམ་མཉམ་ཉིད་བསྟན་པའི་འདུལ་སྟངས་སེམས་ཀྱི་དོན་ཀྱིས། བསྟན་པའི་དགོངས་པ་ལས་ལངས་ལ། ཁྱོད་ལ་འདི་ལྟ་བུའི་དོན་ངོ་མཚར་ཆེ་བ་ཤིན་ཏུ་གསང་བ་ཆེན་པོ། རང་བཞིན་རྫོགས
81b2 པ་ཆེན་པོའི་དོན་མ་ནོར་བར་མཚོན་པའོ་ཚིག་གིས་གཞིགནས་སུ་གཏན་ལ་ཕབ་ནས་བསྟན་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས། ཀུན་ཏུ་བཟང་པོ་རང་བཞིན་རྣམ་པར་དག་པའི་སྣང་བ་ཡིན་ཏེ། རིགས་དྲུག་གི་འགྲོ་བ་རྣམས་ལ་དུས་གསུམ་མཉམ
81b3 པ་ཉིད་དུ་བསྟན་པ་སྟེ། འདི་ནི་ངའི་སྣང་བ་དང་ཁྱད་པར་དབྱེ་མེད་པར། ཡུལ་ཅན་དུ་མའི་ཀློང་གཅིག་ཏུ་དྲིལ་བ་ཞེས་བྱ་བ་ཆོས་ཐམས་ཅད་ཛཱ་མའི་ངན་པའི་རྣམ་རྟོག་དང་བྲལ་ཏེ། ད་ཉིད་སྤྲོས་བྲལ་ཀུན་ཏུ་བཟང་པོ་འི་དབྱིངས་རིག་འདུང་བྲལ་མེད་པའི་ཀློང་དུ་ཐིམ
81b4 པའོ།། ཡང་ཀློང་ནི་མཚོ་ལྟ་བུ་དིའི་སྣང་བ་དང་ཤར་ནས། དཀྱིལ་འཁོར་ཐམས་ཅིང་ཀྱི་སྐྱོང་ཡི་ནས་རང་ལ་འདུས་པས། ཕྱག་རྒྱ་ཆེན་པོའི་ཀློང་མ་གནས་པ་ད་ད་པ་གཅིག་ཏུ་འཚལ་བའོ།། སེམས་དཔའ་ཆེན་པོ་དེའི་སྣང་བ་ནི་མ་སྣང་བ
81b5 སྡང་བ་སྟེ། ཡོད་ཐོས་སྣང་གྲགས་ཐམས་ཅད་ལ་ཁྱབ་ཅིང་འཇུག་ནུས་པ་ཡིན་པས། སྙིང་པོ་གསང་བའི་གྲོང་ཞེས་བྱ་སྟེ། སུ་ཀུན་ཏུ་བཟང་པོ་རང་བྱུང་། ངའི་སྣང་བ་ནི་ཅིར་ཡང་མེད་པ་ལས། ཅིར་ཡང་ཤར་ནས་ཁྱབ་པ་རང་ངག་གི་སྙིང་པོ་འདུས་པའི་གྲོང
81b6 ཞེས་བྱ་སྟེ། གསུང་ཀུན་ཏུ་བཟང་པོ་རང་བྱུང་། ངའི་སྣང་བ་འདི་ལྟར་སྒྲ་བསམ་ཀུན་གྱི་བདག་ཉིད་དུ་རང་ཤར་ནས་དྲན་པ་རང་སྟོང་ཉིད་ཀྱི་སྙིང་པོ་འདུས་པའི་ཀློང་ཞེས་བྱ་སྟེ། ཐུགས་ཀུན་ཏུ་བཟང་པོ་རང་བྱུང་བའོ།། ཀྱེ་སེམས་དཔའ་ཆེན་པོ། སངས་རྒྱས
81b7 ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་སྐྱེས་བུ་ང་ཀུན་ཏུ་བཟང་པོའི་ཀློང་གཅིག་ཏུ་འཁྱིལ་པ་ཞེས་བྱ་སྟེ། དེ་བཞིན་ཉིད་རིག་པ་ལུ་གུ་རྒྱད་དེ་མ་བཅོས་པ། རང་ས་དདུ། ནམ་མཁའ་སྤྲིན་གྱིས་མ་བསྒྲིབས་བཞིན།། ཡེ་གདངས་ཟློག་མེད་ཡེ་ནས་གསལ་བ་ཆེ།། དེ
iiif viewer powered by OpenSeadragon
81a - 82a