| | e-texts navigator
|
81a1 པ་ཀུན་ལས་འདས།། དགྲ་མེད་པ་ཤེས་ཀྱང་ཡོད་མ་ཡིན།། ལུས་མེད་གསུམ་དུ་ཡང་དབང་པོ་སྣང་བ་མེད།། ཡང་དག་པར།། ཆོས་ནི་བསམ་པས་མི་སྣང་སྟེ།། གང་གྱི་མེད་གང་དུ་ནང་འཛིན་པ་སེམས་མེད། སྔོན་བུ། ང་མེད་ང་ཡི
81a2 འཁོར་ཡང་མེད།། དབྱངས་ཀྱི་མེད་ནང་རིག་པའི་སྐུ་གསང་བ་ཡང་མེད། ངོ་ངོལ།། དགེ་མེད་སྡིག་པའི་རྣམ་སྨིན་མེད།། སྲོག་མེད་བཅད་པའི་དམིགས་པ་མེད། ཡང་དག་བ་པ། ཚོགས་མིད་བསགས་པའི་ཡུལ་ཡང་མེད།། སངས་རྒྱས་མེད་ཅིང་སེམས་ཅན་མེད།།
81a3 གནས་མེད་སྟོན་པ་ཉིད་ཀྱང་མེད།། ཐབས་མེད་ཉན་པའི་འཁོར་ཡང་མེད།། ཡུལ་མེད་དུས་གསུམ་ཉིད་ཀྱང་མེད།། དུས་གསུམ་ཚོགས་པ་ཡོད་པ་མིན།། དེ་ཕྱིར་ཅིར་ཡང་མེད་བརྗོད་པས་རྟོང་པ་ནི།། ང་ནིམ་ཕྱིས། བསམ་བསགས་པ་མི་དབྱེད་བཏབསམས་དང
81a4 དོར་ཡང་མཐབ་སྣང་། གྲངས་མེད་པས་ལས་འདས་པ་ཛ་ཡི་ཡུལ།། མཛད་དང་སྤྱོད་པར་མ་ཕྱེ་བས། ཆ་མེད།། དུས་གསུམ་འོ་བོག་ཅིག་ཏུ་མཉམ་པ་ཉིད་དུ་སྟེ། སེམས་མེད་པས།། ད་ཡི་ཡུལ་མ་གཞི་བསམ་བྲལ། རིག་པ། ཉག་གཅིག་ཆ་པྲའི་སྙིང་པོར་གནས།། སྟོང་པ
81a5 ཆེན་པོའི་ཡེ་གདངས་སྟོང་གསལ་ལས། བྷབྷ་དང་སེམས་ཅན་དུ། སྤང་བ་མེད་པའི་ཕྱོགས་ནས་ནི།། དྲི་མ་མེད་པའི་རེག་པ་གནས་དག་པ་ཉིད།། བརྫུན་མེད་ཀུན་རྫོབ་སོན་པ་དེན་པའི་མངོན་སུམ་པ། རིག་པསུ་བཅུད།། འདི་ཉིད་སུས་མཐོ་གོཆ་ཆེ་གཅིག་ང་ཡི་སྲས།། ང་ཡ~ཾ
81a6 སྣང་བ་བཞི་དེ་ལྟར་ན། ཡུལ་དང་ཡུལ་ན། འདི་ཀུན་རིག་པའི་རང་གདངས་ཡིན།། འདུས་པའི་སྣང་བ་དབྱིངས་ཀློང་གཅིག་ཏུ།། ངེས་པའི་གུང་ཆེན་ཚུན་འདི་ལ་སྦྱོར།། དེ་ནས་བྱང་ཆུབ་སེམས་དཔང་འོད་ཟེར་ཀུན་ནས་འདུས་པས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་སྟོན་པ
81a7 ཀུན་ཏུ་བཟང་པོ་སྟོན་པ་ཉིད་ཀྱི་ཐོག་མའི་སྣང་བ་ཇི་ལྟ་བུ་ལགས། སེམས་ཅན་ཀུན་གྱི་དྲ་ཉའི་སྣང་བ་དང་། ཁྱད་པར་མཆིས་སམ་མ་མཆིས། བདག་ལ་བསྟན་དུ་གསོལ། ཞེས་ཞུས་སོ།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བྱང་ཆུབ
iiif viewer powered by OpenSeadragon
80b - 81b