e-texts navigator
Collection
Volume
Page
Wylie

5b1 དེ་ནི་ལོངས་སུའི་སྡང་ལུགས་དེ་དང་དེ་ལས་བྱུང་བའི་འབྲེལ་པའོ།། དེའི་སྣང་བ་ལས་རང་བཞིན་སྦྲུལ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བ་སྦལ་པ་སྲུའི་སྡང་ལུགས་དང་། མ་དག་པ་སྲུལ་བསྒྱུའི་སྡང་ལུགས་ཆགས་སོ།། དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི།
5b2 ངོ་བོ་ལྷུན་གྲུབ་ལས་ཤར་བའོ།། རང་བཞིན་སྤྲུལ་པའི་སྐུ་དེའི་སྣང་ལུགས་ནི། ལོངས་སྤྱོད་མི་ཟད་པ། འཁོར་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཚེ་འཕྲུལ་ཟད་མི་ཤེས་པ། ཚེའི་ཚད་གྲངས་མེད་པ།
5b3 ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས་མི་ཁྱབ་པ་སྒྲོགས་པའོ།། དེ་ནི་རང་བཞིན་སྤྲུལ་པ་སུའི་ལྗང་ལུགས་ཞེས་བྱའོ།། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་བྱུང་ངོ་། དེ་ཡང་སྔ
5b4 ཚོགས་སྣང་བ་ལ་སྣ་ཚོགས་ཀྱི་དོན་ཤེས་པའོ།། སྣང་ཡང་རྗེས་སུ་མ་ཆད་པའོ།། ལྡང་ཡང་རྗེས་སུ་མི་ཞེན་པ། མིག་རྣམ་པར་དག་པ་མངའ་བ། སྙན་རྣམ་པར་དག་པ་བངའ་བ། ཤངས་རྣམ་པར་དག་པ་མངའ་བ། ལྗགས་རྣམ་པར་དག་པ་མངའ་བ། སུ་རྣམ
5b5 པར་དག་པ་མངའ་བ། གསུང་རྣམ་པར་དག་པ་མངའ་བ། ཐུགས་རྣམ་པར་དག་པ་མངའ་བ། ཐུགས་རྗེའི་མཛད་པ་སྣ་ཚོགས་སྟོན་པ། ཡེ་ཤེས་ཁྱད་པར་ཅན་མངའ་བ། མཁྱེན་པ་མ་འགགས་པ་ཀུན་ཏུ་སྣང་བའོ།། དེ་ནི་འགྲོ་བ་འདུལ་བའི་སྤྲུལ་པའི་སྲའོ།།
5b6 དེ་ལས་མ་དག་པའི་འ་ཆགས་ཆགས་བརྟན་པ། འཇིག་རྟེན་གྱི་ཁམས་ཆགས་སོ།། དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ། གྱི་སྣོང་འབྱུང་བ་ཝའི་དཀྱིལ་འཁོར་ཆགས་པ་ལས། ས་དང་། ཆུ་དང་། མེ་དང་། རླུང་དང་། འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ།། དེ་ལ་འཛིན
5b7 པའི་བསམ་པ་བརྗོད་ཀྱིས་མི་ལངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་དྲུག་གོ།། དེ་ལ་འགྲོ་བ་རིགས་དྲུག་སྐྱེ་བ་བྱུང་ངོ་།། ཕྲག་དོག་ལས་མི་རུ་ཆགས་སོ།། ཁོང་ཁྲོ་ལས་ལྷ་རུ་ཆགས་སོ།




iiif viewer powered by OpenSeadragon

5a - 6a

Texts on this page

Gdg004.1 - bkra shis mdzes ldan chen po'i rgyud / dpal nam mkha' med pa chen po'i rgyud