| | e-texts navigator
|
3b1 མ་རིག་པ་དང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྨིན་ཡང་དག་པར་ཡོད་པ་མ་ཡིན་ཏེ། གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ། ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལ་ལྷུན་གྲུབ་ཀྱི་གནས་ལུགས་ཞེས
3b2 བུ་བཆགས་སོ།། དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ།། དེ་ཡང་འཆར་ལུགས་རྣམ་པ་ཐུགས་རྗེ་དང་ཛོད་དང་ལྷ་དང་ཡེ་ཤེས་དང་གཉིས་མེད་དང་མཐའ་བོལ་དང་དག་པ་དང་། མདག་པ། བརྒྱད་དང་ལྡན་པ་རིན་པོ་ཆེ་གའུའི་གནས་ལུགས་ཞེས་བྱ་སྟེ། འདོད་ཡོན་གྱི
3b3 གོ་མ་འགགས་པའོ།། མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པ། འོད་ལྟར་འཆར་བའི་སྡང་བ་མ་འགགས་པ། ཡེ་ཤེས་ལྟར་འཆང་བའི་ལོངས་སྤྱོད་མ་འགགས་པ། སུ་ལྟར་འཆར་པའི་ངོ་བོ་མ་འགགས
3b4 པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ། མཐའ་གྲོལ་ལྟར་འཆང་བའི་ཐབས་མ་འགགས་པའོ།། དག་པ་ཡེ་ཤེས་ཀྱི་འཇུག་སྒོ་མཐར་ཕྱིན་པ། མ་དག་པ་ལྟར་འཆར་བའི་སྒོ་ཐུགས་རྗེ་མ་འགགས་པ། འདོད་དོན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ
3b5 ག་རྣམ་པ་། ས་ན་ད།། ས་ན་དུ་འདུ་།
3b6 ཤག་མ་ཤིག་མ། ཁྲལ་མཁྲོལ་མ། ཡང་མ་ཡེང་མ། འགུལ་བ་འཕྲིག་པ། སྣ་ཚོགས་སུ་འགྲོ་བ་བྱུང་ངོ་།། དེ་ནས་ལྷུན་སྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ།། དེའི་ཡེ་ཤེས་ཀྱི་གོམ་འགགས་པ་ལས་ཡོང་ས་སྤོད་རྫོགས་པའི་སྐུའི་ལྡང་ལུགས
3b7 ཆགས་སོ།། ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྦྲུལ་སུའི་སྡང་ལུགས་སྲིད་དོ།། དེའི་ཐུགས་རྗེ་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་།། དེ་ལས་སྣང་བའི་འཁྲུལ་ཚུལ་དུ་མར་ཆགས་ཏེ། འཁོར་པ་གྲུབ་པོ།། དེ་ཡང
iiif viewer powered by OpenSeadragon
3a - 4a